ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2015ལོའི12པའི་ཚེས30ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར། 2015ལོ་ཞིང་ཆེན་ཡོངས་ཀྱིས་སྡོམ་པས་གནས་སྐབས་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར1.5འགྲེམ་གཏོང་བྱས་པས།མཁར་གྲོང་གི་དཀའ་ཁག་ཅན་གྱི་ཁྱིམ་ཚང་ཁྲི6.38ལ་ཕན་བདེ་སྐྲུན། ཆ་སྙོམས་ལྟར་ན།རོགས་སྐྱོར་མ་དངུལ་སྒོར2490ལ་སླེབས་ཡོད།

2015ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་སྡེ་ཁག་རེ་རེས་སྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་བཏང་པ་དང་རོགས་སྐྱོར་བརྒྱུད་རིམ་གཟབ་ནན་བྱས་པ། རོགས་སྐྱོར་བྱེད་སྟངས་ཚད་ལྡན་དུ་བཏང་པ་སོགས་ནུས་ལྡན་བྱེད་སྟངས་ལག་བསྟར་བྱས་པ་བརྒྱུད། སྔར་ལས་ལྷག་པའི་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་པས་གནས་སྐབས་རོགས་སྐྱོར་གྱི་བྱ་བའི་ཐད་གྲུབ་འབྲས་བཟང་པོ་ཐོབ། ཕྱོགས་ཡོངས་ནས་གནས་སྐབས་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱེད་པར་བརྟེན། མཁར་གྲོང་གི་དཀའ་ཁག་མང་ཚོགས་ཀྱི་རྨང་གཞིའི་འཚོ་བའི་སྐབས་འཕྲལ་རང་བཞིན་ཅན་དང་གནས་སྐབས་རང་བཞིན་ཅན། གློ་བུར་རང་བཞིན་ཅན་གྱི་དཀའ་ཁག་ནན་གྱིས་ཐག་གཅོད་བྱེད་པ་དང་། དཀའ་ཁག་མང་ཚོགས་ཀྱི་རྨང་གཞིའི་འཚོ་གནས་ཁེ་དབང་འགན་སྲུང་བྱས་པ། ཚགས་དམ་པས་སྤྱི་ཚོགས་རོགས་སྐྱོར་གྱི་བདེ་འཇགས་དྲ་བ་བཟོས་པས། དཀའ་ཁག་ཅན་གྱི་མང་ཚོགས་མང་པོ་ཞིག་སེམས་བདེ་བག་ཕེབས་ཀྱི་འཚོ་བ་རོལ་ཐུབ་པར་གྱུར།

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།