ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱུང་པ་ལྟར་ན། 2015ལོར་ཞིང་ཆེན་ཡོངས་སུ་གནས་སྐབས་ཀྱི་རྒུད་སྐྱོབ་གྲོན་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་བྱིན་ནས་ཞང་དང་གྲོང་རྡལ་གྱི་དཀའ་ཁག་ཅན་གྱི་ཁྱིམ་ཚང་ཁྲི་དྲུག་དང་སྟོང་གསུམ་བརྒྱད་བརྒྱར་རོགས་སྐྱོར་བྱས་པ་དེ་ཆ་སྙོམས་ཀྱིས་ཁྱིམ་ཚང་རེར་སྒོར་སྟོང་གཉིས་དང་བཞི་བརྒྱ་དགུ་བཅུ་ཐོབ།

2015ལོ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་དམངས་སྲིད་སྡེ་ཁག་གིས་སྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། རྒུད་སྐྱོབ་ཀྱི་གོ་རིམ་གཟབ་ནན་བྱེད་པ། རྒུད་སྐྱོབ་བྱེད་ཐབས་ཚད་ལྡན་དུ་གཏོང་བ་བཅས་ཀྱི་ནུས་ཡོད་བྱེད་ཐབས་སྤྱད་དེ་སྔར་ལས་ལྷག་པའི་སྒོ་ནས་རྒུད་སྐྱོབ་བྱེད་ཤུགས་ཇེ་ཆེར་བཏང་བས། གནས་སྐབས་རྒུད་སྐྱོབ་བྱ་བའི་ཐད་ནས་གྲུབ་འབྲས་དངོས་བླངས། ཕྱོགས་ཡོངས་ནས་གནས་སྐབས་རྒུད་སྐྱོབ་སྲིད་ཇུས་ལག་བསྟར་བྱས་པ་བརྒྱུད་ནས་དོན་དངོས་ཀྱིས་ཞང་དང་གྲོང་རྡལ་གྱི་དཀའ་ཁག་ཅན་གྱི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་ཐད་ཀྱི་གནས་སྐབས་རང་བཞིན་དང་དུས་ཐུང་རང་བཞིན། གློ་བུར་རང་བཞིན་བཅས་ཀྱི་དཀའ་ཁག་ཐག་གཅོད་བྱས་པས། དཀའ་ཁག་ཅན་གྱི་མང་ཚོགས་ཀྱི་གཞི་རྩའི་འཚོ་གནས་ཀྱི་ཁེ་དབང་ལ་ནུས་ལྡན་ངང་འགན་སྲུང་བྱས་པ་མ་ཟད། ད་དུང་སྤྱི་ཚོགས་རྒུད་སྐྱོབ་ཀྱི་བདེ་འཇགས་དྲ་བ་སྒྲིག་བཟོ་ལེགས་པོ་བྱས་ནས་སྔར་ལས་མང་པོའི་དཀའ་ཁག་ཅན་གྱི་མང་ཚོགས་ཀྱིས་སེམས་བདེ་བའི་ངང་འཚོ་བ་རོལ་ཐུབ་པ་བྱུང་།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།