ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ད་ལོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་གཟབ་ནན་སྒོས་རྒྱལ་ཁབ་ཐོན་ལས་སྲིད་ཇུས་དང་མ་དངུལ་གཏོང་བར་ཞིབ་འཇུག་བྱས་ནས་གོམ་གང་མདུན་སྤོས་ཀྱིས་ཚད་དང་མཐུན་པའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྲིད་ཇུས་བྱེད་ཐབས་དང་བསྟུན་ནས་ཁྱབ་ཁོངས་རྒྱ་ཆེ་བ་དང་རིམ་པ་མང་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་གནས་བབ་གསར་འཛུགས་བྱས། དེ་དང་མཉམ་དུ་ཞབས་ཞུའི་སྤུས་ཚད་དང་ལས་ཆོད་མཐོར་འདེགས་སུ་བཏང་ནས་མགྱོགས་མྱུར་གྱིས་མིང་བཀོད་ཟིན་པའི་རྣམ་གྲངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས་ད་ལོའི་ལོ་ཧྲིལ་བོར་རྣམ་གྲངས་ལྔ་བཅུ་ལག་བསྟར་བྱས་ཏེ་མ་དངུལ་སྒོར་ཐེམ་འབུམ་གསུམ་དང་དུང་ཕྱུར་གཅིག་ནང་འདྲེན་བྱས་པ་དང་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཉེར་གསུམ་འཕར་ཡོད།

དེའི་ནང་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཁྲོད་རྣམ་གྲངས་ཉེར་དྲུག་ལ་མིང་བཀོད་དེ་གྲོས་མཐུན་བྱུང་བའི་མ་དངུལ་སྒོར་ཐེར་འབུམ་དྲུག་དང་དུང་ཕྱུར་གཅིག་ལྷག་ཡིན་པ་དང་ཧུར་ཐག་གིས་ཅང་སུའུ་ཞིང་ཆེན་དང་རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུ་དང་ཀྲུང་དབྱང་ཁེ་ལས་ཀྱི་མ་དངུལ་གྱི་རྒྱབ་སྐྱོར་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱས་ནས་ཅང་སུའུ་ཞིང་ཆེན་གྱི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་གཉིས་ལྷག་དང་རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུ་དང་ཀྲུང་དབྱང་ཁེ་ལས་ཀྱི་རོགས་སྐྱོར་མ་དངུལ་སྒོར་བྱེ་བ་ལྔ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་རིགས་སོ་སོའི་རྣམ་གྲངས་སོ་བརྒྱད་ལག་བསྟར་བྱས་ནས་དམངས་འཚོའི་ལེགས་བཅོས་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་པ་ཆེན་པོ་བཏོན་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།