ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།གསར་འགོད་པས་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན་མཚོ་སྔོན་ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་རིག་གནས་གསར་འགྱུར་དང་དཔེ་སྐྲུན་ཐིན་གྱིས་རིག་གནས་དམངས་ཕན་དབུལ་སྐྱོར་ཆེད་དོན་ཇུས་གཞི་གཏན་འབེབས་བྱས་ཏེ་དཔར་ནས་བཀྲམ་པ་དང་། དེའི་ནང་དོན་ལྟར་ན་ཉིས་སྟོང་བཅོ་བརྒྱད་ལོའི་ལོ་མཇུག་ཏུ། ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་བཙུགས་ཏེ་བྱང་བུ་བྱིན་པའི་དབུལ་ཕོངས་སྡེ་བ་སྟོང་གཅིག་དྲུག་བརྒྱ་ཉེར་གཉིས་སུ་ཡོངས་ཁྱབ་ཏུ་བྱེད་ནུས་མང་བའི་ཕྱོགས་བསྡུས་རིག་གནས་ཞབས་ཞུ་ལྟེ་གནས་བཙུགས་ཏེ། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། གཞི་རིམ་མང་ཚོགས་ཀྱི་གཞི་རྩའི་སྤྱི་བའི་རིག་གནས་ཁེ་དབང་ལ་འགན་སྲུང་བྱེད་རྒྱུ་རེད།

ཇུས་གཞི་དེའི་ནང་དུ་གཏན་ཁེལ་བྱས་པ་ལྟར་ན། དྲིལ་སྒྲོག་རིག་གནས་དང་ཏང་ཡོན་སློབ་གསོ། ཞིང་ཁྱིམ་དཔེ་ཁང་། གློག་བརྙན་སྟོན་པ། ལུས་རྩལ་ལུས་སྦྱོང་། ཚན་རིག་ཁྱབ་གདལ་བཅས་ཀྱི་རྣམ་གྲངས་དང་མ་དངུལ། ཤེས་ལྡན་མི་སྣ། སྒྲིག་ཆས་སོགས་ཐོན་ཁུངས་གཅིག་བསྡུས་བྱས་ཏེ། གཞི་རིམ་གྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུ་ལྟེ་གནས་ཀྱི་འཛུགས་སྐྲུན་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཞབས་ཞུའི་ནུས་པ་འཐུས་ཚང་དུ་གཏོང་བ། ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་བྱས་ཏེ་མཉམ་སྤྱོད་འཕེལ་རྒྱས་མངོན་འགྱུར་བྱེད་རྒྱུ་རེད། བྱ་བ་ལག་བསྟར་བྱེད་སྐབས། ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིན་གྱིས་ནོར་སྲིད་སྡེ་ཁག་དང་མཉམ་དུ། རིག་གནས་སྡེ་བ་དང་ཁྱིམ་ཚང་དུ་སྤེལ་བའི་ཆེད་དོན་མ་དངུལ་དངོས་འབེབས་བྱས་ཏེ། སྲིད་གཞུང་ཉོ་བསྡུ་བརྒྱུད་དེ། དབུལ་ཕོངས་སྡེ་བ་རེ་རེའི་ཕྱོགས་བསྡུས་རིག་གནས་ཞབས་ཞུ་ལྟེ་གནས་ལ་རིན་ཐང་སྒོར་ཁྲི་ལྔའི་གྱོན་ཆས་དང་སྒྲ་སྒམ། རོལ་ཆས། བརྙན་འཕྲིན་འཕྲུལ་ཆས་སོགས་རིག་གནས་བྱ་འགུལ་སྤེལ་བའི་སྒྲིག་ཆས་སྟེར་རྒྱུ་ཡིན་པ་མ་ཟད། ལོ་རེར་གྲོན་དངུལ་སྒོར་ཁྲི་རེ་བྱིན་ནས། རིག་གནས་བྱ་འགུལ་སྣ་ཚོགས་སྤེལ་བར་སྟབས་བདེ་བཟོ་རྒྱུ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།