ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།མཚོ་སྔོན་གྱི་གནོད་འགོག་གནོད་སེལ་ནུས་པ་སྔར་ལས་ཇེ་ཆེར་བཏང་ནས། རང་བྱུང་གནོད་འཚེའི་རྒུད་སྐྱོབ་ཆུ་ཚད་ཇེ་མཐོརགཏོང་ཆེད། ཉེ་སྔོན་མཚོ་སྔོན་ཞིང་ཆེན་བོད་ཁུལ་གྱི་གནོད་འགོག་གནོད་སེལ་དངོས་རྫས་གསོག་འཇོག་ལྟེ་གནས་མཛོད་ཁང་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་རྫོང་སྟོད་པ་གྲོང་རྡལ་ཞའོ་ཀྲའེ་སྡེ་བ་ནས་ལས་མགོ་བརྩམས།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱི་མིག་སྔའི་ཞིང་ཆེན་རིམ་པའི་རྒུད་སྐྱོབ་དངོས་རྫས་གསོག་འཇོག་མཛོད་ཁང་གི་སྒྲིག་ཆས་རྙིང་བ་དང་། འཛུགས་སྐྲུན་བཀོད་པའི་བདེ་འཇགས་ཚད་གཞི་དམའ་བ། བཀོད་པ་ལུགས་མཐུན་མིན་པ། གསོག་འཇོག་བར་སྟོང་གིས་མི་འདང་བ། མཛོད་ཁང་ཉེ་འགྲམ་གྱི་ལམ་དོག་པ་སོགས་ཀྱི་གནད་དོན་ལ་བརྟེན་ནས། རྒུད་སྐྱོབ་དངོས་རྫས་ཀྱི་གསོག་འཇོག་དང་མྱུར་སྐྱེལ་ལ་ཤུགས་རྐྱེན་བཟོ་བཞིན་ཡོད་པས། མཚོ་སྔོན་གྱིས་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ལ་ཡར་ཞུ་འབྲེལ་འདྲིས་བྱས་ཏེ། མཚོ་སྔོན་གྱི་རྒུད་སྐྱོབ་དངོས་རྫས་གསོག་འཇོག་མཛོད་ཁང་གི་སྒྲིག་ཆས་རྗེས་ལུས་ཡིན་པ་དང་། གནོད་འགོག་གནོད་སྐྱོབ་ཀྱི་རྨང་གཞི་ཞན་པ། གནོད་འགོག་གནོད་སྐྱོབ་ཀྱི་ཕྱོགས་བསྡུས་ནུས་པ་ཆུང་བ་སོགས་ཀྱི་གནད་དོན་ཡར་ཞུ་བྱས་པ་དང་། ཞིང་ཆེན་གནོད་འགོག་གནོད་སྐྱོབ་དངོས་རྫས་གསོག་འཇོག་ལྟེ་གནས་མཛོད་ཁང་སོགས་རྣམ་གྲངས་ཀྱི་མ་དངུལ་བརྩོན་བྱེད་པའི་བྱ་བ་སྟོབས་ཤུགས་ཡོད་རྒུས་བསྒྲུབས།

རྒྱུས་ལོན་བྱུང་བ་ལྟར་ན། རྣམ་གྲངས་དེའི་ས་རྒྱ་ལ་མུའུ་ལྔ་བཅུ་ང་བརྒྱད་ཡོད་པ་དང་། བཟོ་བཀོད་ཀྱི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ཁྲི་གཅིག་དང་སྟོང་བཞི་ལྷག་ཡོད་ལ། མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་དགུ་འབུམ་གཉིས་ཁྲི་ལྔ་གཏོང་རྒྱུ་རེད། དེ་ནི་མཚོ་སྔོན་གྱི་གནོད་འགོག་དང་གནོད་སེལ། གནོད་སྐྱོབ་བཅས་བྱ་བའི་དམངས་ཚིས་རྣམ་གྲངས་གལ་ཆེན་ཞིག་ཡིན་ལ། མཛོད་ཁང་དེ་ལས་རྗེས་བོད་ཁུལ་གྱི་གནོད་སེལ་དངོས་རྫས་ཀྱི་གསོག་འཇོག་དང་སྐྱེལ་འདྲེན་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས། བོད་ཁུལ་དུ་རྒུད་སྐྱོབ་དངོས་རྫས་སྐྱེལ་བའི་དུས་ཚོད་ཇེ་ཐུང་ལ་གཏོང་ཐུབ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།