ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་མེར་སྲེག་གློག་འདོན་ལས་གཞི་ལ་རྨང་འདིང་བའི་མཛད་སྒོ་དེ་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན་ཡུས་ཧྲུའུ་གྲོང་ཁྱེར་ནས་བསྡུས། ལས་གཞི་དེ་འཛུགས་སྐྲུན་བྱེད་ས་ནི་སེང་མཛེས་འཚོ་བའི་གད་སྙིགས་སྦས་ས་དང་ཆུ་རྙོག་གཙང་སྒྱུར་བཟོ་གྲྭ་གཉིས་ཀྱི་བར་མཚམས་ཡིན་པ་དང་། ས་རྒྱ་ལ་མུའུ་བརྒྱ་དང་སུམ་ཅུ་ཡོད་ལ། སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔ་རེད། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་གད་སྙིགས་མེར་སྲེག་གློག་འདོན་གྱི་ཆེད་བཀོད་བདག་གཉེར་ལས་གཞི་ཐོག་མ་ཡིན་ལ། རྒྱལ་ཡོངས་ཀྱི་མཚོ་ངོས་ལས་ཆེས་མཐོ་བའི་གད་སྙིགས་མེར་སྲེག་གློག་འདོན་ས་ཚིགས་ཀྱང་རེད།

བསྐྱར་འཛུགས་བྱས་རྗེས་ཀྱི་ཡུས་ཧྲུའུ་གསར་བས་དུས་རྒྱུན་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་འཕེལ་རྒྱས་ཀྱི་ནང་སྙིང་དུ་བཟུང་ཡོད་ལ། འཚོ་བའི་གད་སྙིགས་མེར་སྲེག་གློག་འདོན་ལས་གཞི་དེ་ནི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱེད་ཐབས་གལ་ཆེན་ཞིག་རེད། ལས་གཞི་དེ་ཉིས་སྟོང་བཅུ་བདུན་ལོའི་ལོ་མཇུག་ལ་ཡོངས་འགྲུབ་བྱས་ཏེ་གློག་འདོན་ཐུབ། ཡུས་ཧྲུའུ་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་མེར་སྲེག་གློག་འདོན་ལས་གཞི་དེ་དུས་སྐབས་གཉིས་སུ་བགོས་ཏེ་འཛུགས་སྐྲུན་བྱེད་རྒྱུ་རེད། དུས་སྐབས་དང་བོར་འཆར་གཞི་ལྟར་ན་ཉིན་རེར་འཚོ་བའི་གད་སྙིགས་ཏུན་སུམ་བརྒྱ་རེ་ཐག་གཅོད་བྱེད་པ་དང་། ལོ་རེར་འཚོ་བའི་གད་སྙིགས་ཏུན་འབུམ་གཅིག་ཙམ་ཐག་གཅོད་བྱས་ཏེ། ཡུས་ཧྲུའུ་ཁུལ་གྱི་ཤར་ཕྱོགས་ཀྱི་རྫོང་གསུམ་སྟེ་ཡུས་ཧྲུའུ་གྲོང་ཁྱེར་དང་ཁྲི་འདུ་རྫོང་། ནང་ཆེན་རྫོང་བཅས་ཀྱི་འཚོ་བའི་གད་སྙིགས་ཐག་གཅོད་པའི་གནད་དོན་ཐག་གིས་གཅོད་རྒྱུ་ཡིན་ལ། དུས་རིམ་གཉིས་པར་འཆར་གཞི་ལྟར་ན་ཉིན་རེར་འཚོ་བའི་གད་སྙིགས་ཏུན་དྲུག་བརྒྱ་ཐག་གཅོད་པ་དང་། ལོ་རེར་འཚོ་བའི་གད་སྙིགས་ཏུན་འབུམ་གཉིས་ཙམ་ཐག་བཅད་དེ། ཡུས་ཧྲུའུ་ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་དྲུག་གི་འཚོ་བའི་གད་སྙིགས་ཐག་གཅོད་པའི་གནད་དོན་ཐག་གིས་གཅོད་རྒྱུ་ཡིན་པ་མ་ཟད། གད་སྙིགས་མེར་བསྲེགས་རྗེས་བྱུང་བའི་སྟོང་ཝ་བྱེ་བ་བཞིའི་གློག་ནུས་དེ་ཡུས་ཧྲུའུ་གྲོང་ཁྱེར་གྱི་གད་སྙིགས་མེར་སྲེག་གློག་འདོན་ས་ཚིགས་ཉེ་འདབས་ཀྱི་སྡོད་དམངས་ལ་བཀོལ་སྤྱོད་བྱེད་དུ་འཇུག་རྒྱུ་རེད།

འཚོ་བའི་གད་སྙིགས་མེར་སྲེག་གློག་འདོན་ལས་གཞི་ཡོངས་འགྲུབ་བྱས་ཚེ་གཙང་གསུམ་འབྱུང་ཡུལ་ལྟེ་གནས་སྲུང་སྐྱོབ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཡར་སྐུལ་བྱེད་པ་དང་། ཡུས་ཧྲུའུ་ཡི་ཁོར་ཡུག་ཇེ་ལེགས་སུ་བཏང་ནས། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་སྤྱི་ཚོགས་ཕན་འབྲས་དང་། སྐྱེ་ཁམས་ཕན་འབྲས། དཔེ་སྟོན་ནུས་པ་བཅས་གལ་ཆེན་པོ་ཐོན་ཐུབ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།