ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་དམངས་ཚིས་སྔོན་ཐོབ་ཀྱི་འདུ་ཤེས་བརྟན་པོ་བཅངས་ནས། ས་གནས་མི་དམངས་མང་ཚོགས་ཀྱི་ཆེས་སེམས་ཁུར་བྱེད་ཡུལ་དང་དངོས་ཡོད་འཚོ་བར་ཐད་ཀར་འབྲེལ་བའི་ཁེ་ཕན་ནས་རྐང་བཙུགས་ཏེ། ཁྱོན་བསྡོམས་མ་དངུལ་སྒོར་ས་ཡ་གཉིས་དང་འབུམ་བརྒྱད་བཏང་ནས། རྫོང་དང་ཞང་གྲོང་རྡལ་བཅས་ཀྱི་དམངས་ཚིས་གཅིག་སྤྱོད་བྱང་བུའི་མ་དངུལ་དྲ་རྒྱའི་ལྟ་སྐུལ་དོ་དམ་མ་ལག་བཙུགས་ཐོག རྫོང་ཡོངས་ཀྱི་ས་གནས་མི་དམངས་ཀྱིས་ཆ་འཕྲིན་གཞི་འཛིན་གྲངས་ཀ་བསྡུ་གསོག་དང་བཀོལ་སྤྱོད་བྱེད་པར་མཐུན་རྐྱེན་བསྐྲུན་ནས། དམངས་ཚིས་གཅིག་སྤྱོད་བྱང་བུ་དངུལ་ཁང་གི་བྱང་བུ་བཀོལ་བའི་བྱ་བ་དངོས་སུ་བསྒྲུབས། རྒྱུས་ལོན་བྱུང་བ་ལྟར་ན། ཐུན་ཏེ་རྫོང་གིས་ཁྱོན་བསྡོམས་དམངས་ཕན་ལས་གཞི་བཅོ་ལྔ་མ་ལག་ཁྲོད་ནང་འཇུག་བྱས་ཏེ། དམངས་ཚིས་མ་དངུལ་སྒོར་དུང་ཕྱུར་གཅིག་ལ་ཐད་ཀར་འབྲེལ་བར་བྱས་ནས། ས་གནས་མང་ཚོགས་ཁྲི་ལྔ་ལྷག་ལ་ཁེ་ཕན་སྟབས་བདེ་བསྐྲུན།

དམངས་ཚིས་གཅིག་སྤྱོད་བྱང་བུ་བཀོལ་བའི་ལས་དོན་ཁྱབ་བརྡལ་དུ་བཏང་བ་དེས། ཞིང་སྡེ་ཁ་གསབ་རོགས་དངུལ་སྟེར་བར་སྟབས་བདེ་བསྐྲུན་ཡོད་ལ། སྔར་གྱི་ལས་རིམ་མི་ཉུང་བ་ཞིག་ཉུང་བསྡུ་བྱས་པ། མ་དངུལ་འཁོར་རྒྱུག་ལམ་ལུགས་གེགས་མེད་བདེ་ལེགས་ཡོང་བ་བཅས་ལ་ཕན་བདེ་བླ་མེད་བསྐྲུན་ཡོད་ཅིང་། འདི་ནི་མཚོ་སྔོན་ཞིང་ཆེན་ཡོངས་ནས་ཐོག་དང་པོར་དམངས་ཚིས་གཅིག་སྤྱོད་བྱང་བུ་ཡོངས་སུ་བཀོལ་བའི་རྫོང་ཁག་དང་པོ་དེ་ཡིན།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།