ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་རིག་གནས་གསར་འགྱུར་པར་སྐྲུན་ཐིན་གྱིས་སྐོར་ལྔ་བའི་མཚོ་སྔོན་ཞིང་ཆེན་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞིའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། ཞིང་ཆེན་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི16གསར་སྣོན་བྱས།

ཁ་སང་གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་གསར་འགྱུར་པར་སྐྲུན་ཐིན་གྱི་ཐོན་ལས་ཁྲུའུ་ནས་རྒྱུས་ལོན་པ་ལྟར་ན། རིག་གནས་ཁྲོམ་རའི་སྲོག་ཤིང་མྱུར་དུ་གསོ་སྐྱོང་དང་འཕེལ་རྒྱས་སུ་གཏོང་བ། ཕུལ་དུ་བྱུང་བའི་རིག་གནས་ཁེ་ལས་ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་བ་བཏོན་ནས་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཐོན་ལས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་ཆེད། མཚོ་སྔོན་ཞིང་ཆེན་རིག་གནས་གསར་འགྱུར་པར་སྐྲུན་ཐིན་གྱིས་རིམ་པ་ལྟར་མཚམས་སྦྱོར་བྱེད་པ་དང་། ཐོག་མའི་ཞུ་དག  ཆེད་མཁས་པའི་ཞིབ་དཔྱད་སོགས་ཀྱི་གོ་རིམ་གཟབ་ནན་ངང་བརྒྱུད་མཐར། མཚོ་སྔོན་ཞིང་ཆེན་རིག་རྩལ་འཁྲབ་སྟོན་སྡེ་ཚོགས་འགན་ལེན་ཚད་ཡོད་ཀུང་ཟི་དང་། མཚོ་སྔོན་ཞིན་ཧྭ(མི་རིགས)པར་སྐྲུན་ཁང་སོགས་རིག་གནས་ཁེ་ལས16སྐོར་ལྔ་བའི་མཚོ་སྔོན་ཞིང་ཆེན་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་རུ་གཏན་ཁེལ་བྱས།  །

                                                          

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།