ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།“ལོ་ལྔའི་ཚན་བཅུ་གཉིས”སྐབས་སུ་བསྟུད་མུར་ཤུགས་སྣོན་པ་བརྒྱུད། ད་ལོར་མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་གྱིས“བརྟན་འཇགས་ངང་འཕེལ་རྒྱས”བྱེད་པར་རྒྱུན་འཁྱོངས་བྱས་ཏེ་སྤྱི་ཚོགས་འགན་སྲུང་གི་བྱ་བ་ནན་ནན་ཏིག་ཏིག་གིས་སྤེལ་བས། སྤྱི་ཚོགས་འགན་སྲུང་གི་བྱ་བར་འཕོ་འགྱུར་གསར་བ་བྱུང་བ་དང་། མཁར་གྲོང་གི་སྡོད་དམངས་སྤྱི་ཚོགས་རྒན་གསོ་ཉེན་བཅོལ་ནང་ཞུགས་ཚད99%ལ་སླེབས།

2015ལོར། ན་གོར་མོ་གྲོང་ཁྱེར་ཡོངས་ཀྱི་ཁེ་ལས་ལས་བཟོ་བའི་སྤྱིར་བཏང་གི་རྒན་གསོ་ཉེན་བཅོལ་ནང་ཞུགས་མཁན43981ཡོད་པ་དང་རྒན་གསོ་ཉེན་བཅོལ་ནང་ཞུགས་མཁན3569ཇེ་མང་དུ་སོང་ཡོད་པས། ལོ་ཡོངས་ཀྱི་དམིགས་འབེན་ལས་འགན་ལས236%ལེགས་འགྲུབ་བྱུང་། མཁར་གྲོང་གི་སྡོད་དམངས་སྤྱི་ཚོགས་རྒན་གསོ་ཉེན་བཅོལ་ནང་ཞུགས་མཁན17461ཡོད་ལ་ཞུགས་ཚད99%ཟིན། ལས་བཟོ་བའི་ཉེན་བཅོལ་ནང་ཞུགས་བའི་ལས་བཟོ་བ32766ཡོད་ལ། སྔོན་ལོའི་ལོ་མཇུག་དང་བསྡུར་ན་མི་གྲངས4563འཕར་ཡོད་པ་དང་། རྒྱལ་ཁབ་ཁེ་ལས་དང་ཐུན་མོང་ཁེ་ལས་གཉིས་ནང་གི99%ཁེབས་ཡོད།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།