ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་གངས་ཅན་རྟགས་མའི་བོད་ཀྱི་རྩོམ་རིག་བྱ་དགའ་སྐབས་གསུམ་པའི་གཟེངས་བསྟོད་ཚོགས་ཆེན་དེ་ཟླ12པའི་ཚེས25ཉིན་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་བསྡུས།
ཐེངས་འདིའི་རྒྱལ་ཡོངས་གངས་ཅན་རྟགས་མའི་བོད་ཀྱི་རྩོམ་རིག་བྱ་དགའ་སྐབས་གསུམ་པ་ནི་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་བྱས་པ་དང་རྔ་བ་ཚོང་ཚོགས་ཀྱིས་མ་དངུལ་གྱིས་མཐུན་རྐྱེན་བསྐྲུན་ཞིང་བོད་ཁམས་ཡོངས་ལ་ཁ་ཕྱོགས་པའི་རྩོམ་རིག་གི་བྱ་དགའ་ཆེས་མཐོ་ཤོས་ཤིག་རེད།
མཛད་སྒོའི་སྟེང་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་དྲུང་ཡིག་ཆེན་མོ། རྒྱལ་ཁབ་རིམ་པའི་བོད་རིག་པའི་ཆེད་མཁས་པ། གཅོད་པ་དོན་གྲུབ་ལགས་ཀྱིས་འགོ་འཛིན་དང་གཏམ་བཤད་གནང་།
ཐེངས་འདིའི་བྱ་དགའ་ཐོབ་མཁན་གྱི་རྩོམ་པ་པོ་དང་མགོ་ཁྲིད་། སྤྱིན་བདག་བཅས་རྗེས་དྲན་གྱི་འདྲ་པར་བསྐྱོན་པའི་ཚུལ།
མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་དྲུང་ཡིག་ཆེན་མོ། རྒྱལ་ཁབ་རིམ་པའི་བོད་རིག་པའི་ཆེད་མཁས་པ། གཅོད་པ་དོན་གྲུབ་ལགས་ཀྱིས་འགོ་འཛིན་བྱེད་བཞིན་པ།
ཐེངས་འདིའི་འགྲན་ཚོགས་ལ་བོད་ཁམས་ཡོངས་ཀྱི་བརྩམས་ཆོས་དྲུག་ཅུ་ལྷག་བསྡུས་ཡོད་ལ་དེ་དག་ལས་བོད་ལྗོངས་ཀྱི་རྩོམ་པ་པོ། བུ་ཚེ་རིང་རྒན་པ། བསྟན་པ་ཡར་རྒྱས། ཨེ་ཉི་མ་ཚེ་རིང་།མཚོ་སྔོན་གྱི་རྩོམ་པ་པོ། ནག་པོ་སྐལ་བཟང་། སྒོ་མེ་ཚེ་རིང་བཀྲ་ཤིས།འཇིགས་མེད་རྡོ་རྗེ།རམས་ཚེ་བྷོ།སི་ཁྲོན་གྱི་རྩོམ་པ་པོ། ཅོ་ནེ་ཡུམ་ཚེ་རིང་། ཧུ་ར་འཇའ་པེ།ཀན་སུའུ་ཡི་རྩོམ་པ་པོ། དཔལ་མོ། རྩིང་བ་དཀོན་བྷེ། ཁ་གྱའི་སངས་བཀྲ། བཅས་རྩོམ་པ་པོ་བཅུ་གཉིས་ཀྱི་བརྩམས་ཆོས་ལ་བྱ་དགའ་ཐོབ་པ་རེད།རྩོམ་པ་པོ་བུ་ཚེ་རིང་རྒན་པ་དང་བསྟན་པ་ཡར་རྒྱས། ཨེ་ཉི་མ་ཚེ་རིང་གསུམ་ལ་བྱ་དགའ་གནང་བའི་ཚུལ།
རྩོམ་པ་པོ་ནག་པོ་སྐལ་བཟང་དང་སྒོ་མེ་ཚེ་རིང་བཀྲ་ཤིས།འཇིགས་མེད་རྡོ་རྗེ་གསུམ་ལ་བྱ་དགའ་གནང་བའི་ཚུལ།
རྩོམ་པ་པོ་དཔལ་མོ་དང་རྩིང་བ་དཀོན་བྷེ། ཁ་གྱའི་སངས་བཀྲ་གསུམ་ལ་བྱ་དགའ་གནང་བའི་ཚུལ།
གངས་ཅན་རྟགས་མའི་རྩོམ་རིག་བྱ་དགའ་ནི་རྔ་བའི་སྤྱིན་བདག་རྡོ་ཁོ་དང་ཚེ་རིང་ཆེ་བ། ཚེ་རིང་ཆུང་བ། མཆོག་གྲུབ་སོགས་ཀྱིས1995ལོར་མགོ་ཁྲིད་དེ་ཐེངས་དང་པོར་བཙུགས་པའི་རྒྱལ་ཡོངས་རང་བཞིན་གྱི་བོད་ཀྱི་རྩོམ་རིག་བྱ་དགའ་ཞིག་ཡིན་ལ་ལོ་བཅུ་རེའི་ནང་ཐེངས་གཅིག་རེ་སྤེལ་བ་ཡིན་ཞིང་སྔ་གཞུག་ཏུ་རྩོམ་རིག་བྱ་དགའ་ཐེངས་གཉིས་བསྒྲུབས་ཟིན།ད་རེབ་ནི་རྩོམ་རིག་བྱ་དགའ་སྐབས་གསུམ་པ་རེད། འདིའི་དམིགས་ཡུལ་གཙོ་བོ་ནི་རང་རེའི་བོད་ཀྱི་རྩོམ་རིག་གསར་རྩོམ་ལ་སྐུལ་འདེད་བགྱིས་ཏེ། དུས་རབས་གསར་བའི་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་ལས་དོན་དབྱར་མཚོ་རྒྱས་པ་བཞིན་གོང་འཕེལ་གཏོང་བ་དང་།རྩོམ་རིག་གསར་རྩོམ་ལ་མོས་པའི་དཔུང་ཁག་ཇེ་མཐུག་དང་ཇེ་རྒྱས་ལ་འགྲོ་བའི་ཆེད་སྤེལ་བ་ཞིག་ཡིན།
ཐེངས་འདིའི་བརྩམས་ཆོས་དཔྱད་འདེམ་གྱི་བྱ་བར་འབྲེལ་ཡོད་ཐག་བཅད་ལྟར། མདོ་དབུས་ཁམས་གསུམ་གྱི་དུས་དེབ་རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་དང་རྩོམ་རིག་དཔྱད་བརྗོད་པ།སློབ་ཆེན་ཁག་གི་དགེ་རྒན་ཆེན་མོ་རྣམས་ཀྱིས་འདྲ་མཉམ་དང་དྲང་བཞག་གི་རྩ་དོན་གཙིགས་སུ་བཟུང་ནས་བོད་ལྗོངས། ཀན་སུའུ། སི་ཁྲོན། མཚོ་སྔོན་སོགས་ནས་བརྩམས་ཆོས་དྲུག་ཅུ་ལྷག་ལས་རྩོམ་པ་པོ་བཅུ་གཉིས་ཀྱི་བརྩམས་ཆོས་བདམས་ཏེ་བྱ་དགའ་སྟེར་རྒྱུ་ཐག་བཅད་པ་རེད།
མཛད་སྒོའི་སྟེང་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཨ་ལགས་རིན་ཆེན་རྣམ་རྒྱལ་དང་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ་ཕུའུ་ཝུན་ཁྲིན།མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་གཞོན་པ་ཟུར་པ་བཞི་མགོན་པོ།མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི།རྒྱལ་ཁབ་རིམ་པ་དང་པོའི་བུད་མེད་རྩོམ་པ་པོ་མེ་སྒྲོན།མཚོ་སྔོན་སྦྲང་ཆར་རྩོམ་སྒྲིག་ཁང་གི་དགེ་རྒན་ཆེན་མོ་འགྱུར་མེད། མཚོ་སྔོན་སྦྲང་ཆར་རྩོམ་སྒྲིག་ཁང་གི་དགེ་རྒན་ཆེན་མོ་ཟླ་བ་བློ་གྲོས།མཚོ་སྔོན་མི་རིགས་སློབ་ཆེན་བོད་ཤེས་རིག་སློབ་གླིང་གི་གླིང་གཙོ་ཟླ་བ།དེ་མིན་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་དང་ཆེད་མཁས་པ།རྩོམ་པ་པོ།སློབ་མ་བཅས་མང་པོ་ཞུགས་ཡོད་པ་མ་ཟད། མཛད་སྒོའི་སྟེང་གླུ་བ་གླུ་མ་དང་འཁྲབ་སྟོན་མང་པོས་གླུ་གླུ་དབྱངས་དང་རིག་རྩལ་འཁྲབ་སྟོན་སོགས་ལྟད་མོ་བའི་སྤྱན་ལམ་དུ་ཕུལ་བ་རེད།
གངས་ལྷ་སྲས་དང་སྒྲོལ་མ་གཉིས་ཀྱིས་མདོ་འཛིན་བྱེད་བཞིན་པའི་ཚུལ།
གླུ་མ་པད་མ་མཚོས་གླུ་དབྱངས་ལེན་བཞིན་པའི་ཚུལ།
རིག་རྩལ་འཁྲབ་སྟོན་བྱེད་བཞིན་པའི་ཚུལ།
རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
འབྲེལ་ཡོད་རྩོམ་ཡིག

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།
པར་རིས་གསར་འགྱུར།
རྒྱལ་ཡོངས་སྲིད་གྲོས་ཀྲུའུ་ཞི་གྲོས་ཚོགས་ཀྱིས་སང་ལོའི་ཟླ་གསུམ་པའི་ཚེས་གསུམ་ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་བསྡུ་རྒྱུའི་གྲོས་གཞི་བཏོན།
བོད་ལྗོངས་ཀྱིས་ཞིང་ཁྱིམ་དེབ་ཁང་འཛུགས་སྐྲུན་ཐད་དོ་ཁུར་ཤུགས་ཆེན་བྱས་པ།
མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པས་སྐབས་དང་པོའི(ཚོང་ཚོགས་རྟགས་མའི)བཟོ་རྩལ་གསར་གཏོད་ཐོན་རྫས་དཔྱད་འདེམས་དང་བརྗེ་རེས་བྱ་འགུལ་སྤེལ།
“བཟོ་ལས་སྟོབས་ཆེར་དང་གྲོང་ཁྱེར་དར་རྒྱས”གཏོང་བའི་དུས་སུ་སླེབས་པ།
བོད་ཁུལ་གསར་འགྱུར།
- རང་རྒྱལ་གྱི་སྒེར་གྱི་འཕྲོད་བསྟེན་གཏོང་སྒོས་བཟུང་བའི་བསྡུར་ཚད་རྒྱུན་མཐུད་ངང་ཆག་ལུགས་བཏོན་པ།
- མཚོ་སྔོན་ཞིང་ཆེན་གྱི་རླངས་འཁོར་ཁ་ལོ་བ6ལ་རྒྱལ་ཡོངས་ཕུལ་བྱུང་ཁ་ལོ་བ་དང་སྔོན་ཐོན་ཁ་ལོ་བའི་མཚན་སྙན་ཐོབ།
- རྒྱལ་ཡོངས་གངས་ཅན་རྟགས་མའི་བོད་ཀྱི་རྩོམ་རིག་བྱ་དགའ་སྐབས་གསུམ་པའི་གཟེངས་བསྟོད་ཚོགས་ཆེན་གནའ་མཁར་ཟི་ལིང་དུ་བསྡུས།
- ལྷ་ས་གྲོང་ཁྱེར་གྱིས་ཁྱད་ལྡན་ཐོན་ལས་ཀྱི་དཔེ་སྟོན་འཛིན་གྲྭར་བརྟེན་ནས“ལོ་ལྔ་ཚན་བཅུ་གསུམ་པར”གྲ་སྒྲིག་བྱེད་པ།
- མང་ཚོགས་ལ་རོགས་བྱས་ནས་འབྱོར་ཕྱུག་གི་བགྲོད་ལམ་གཏོད་པ།
- བོད་རང་སྐྱོང་ལྗོངས་བརྟག་ཞིབ་ཚོགས་ཆུང་ཆུ་ཤུར་རྫོང་དུ་དབུལ་སྐྱོར་གནས་སྤོའི་ལས་དོན་ལ་བརྟག་ཞིབ་བྱེད་པར་བསྐྱོད་པ།
- ས་ལེ་གྲོང་ཚོའི་རང་ལོ་བདུན་ཅུ་ལྷག་ཙམ་གྱི་རྒན་རྒོན་འགའ་ཞིག་གིས་ཕན་ཚུན་ཅི་འཕྲོས་མོལ་འཕྲོས་བྱེད་པ།
- ཏེང་ཞའོ་ཀང་གིས་ཉིང་ཁྲི་གྲོང་ཁྱེར་གྱི་གཙོ་གནད་ལས་གྲྭ་འཛུགས་སྐྲུན་ཐད་བརྟག་ཞིབ་དང་གཟིགས་ཞིབ་གནང་བ།
- མཛེས་སྡུག་ལྡན་པའི་ཆབ་མདོར་མཛེས་བཟོ་བྱེད།