ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས26ཉིན། མཚོ་སྔོན་གྱིས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་གཞུང་དོན་ཐད་རླངས་འཁོར་བཀོལ་བའི་ལམ་ལུགས་བཅོས་སྒྱུར་བྱ་བ་དངོས་སུ་སྤེལ་བའི་ཚོགས་ཆེན་ཟི་ལིང་ནས་བསྡུས་ཤིང་། མཚོ་སྔོན་གྱི་གཞུང་དོན་ཐད་རླངས་འཁོར་བཀོལ་བའི་ལམ་ལུགས་བཅོས་སྒྱུར་བྱ་བ་ལ་བཀོད་སྒྲིག་བཟང་བོ་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། ཧྲིན་ཀྲང་གཞོན་པ་ཀྲང་ཅན་མེན་ཚོགས་འདུར་ཞུགས་ནས་གཏམ་བཤད་ཅིང་། ཧྲིན་ཀྲང་གཞོན་པ་ཁྲིན་ལིས་ཧྭ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།

གྲོས་ཚོགས་ལས་བསྟན་དོན། གཞུང་གི་རླངས་འཁོར་བཀོལ་བའི་ལམ་ལུགས་བཅོས་སྒྱུར་བྱ་བ་སྤེལ་བའི་ལས་དོན་ནི་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་དང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་བྱེད་ཐབས་ཉེར་གཅིག་དོན་འཁྱོལ་བཟང་བོ་བྱེད་པ་དང་། བྱ་བའི་ཀུན་སྤྱོད་ཀྱི་ནང་དོན་བླང་བྱ་བསྟུད་མར་ལེགས་བཅོས་བྱེད་པའི་དོན་བྱ་གལ་ཆེན་ཞིག་ཡིན་ཁར། སྲིད་འཛིན་མ་རྩ་ཇེ་དམའ་རུ་གཏོང་བ་དང་ནོར་སྲིད་མ་དངུལ་ཕན་འབྲས་ལྡན་པའི་ངང་བཀོལ་བར་ཕན་པའི་བྱེད་ཐབས་ཡག་པོ་ཞིག་ཀྱང་ཡིན། དེ་མིན་ད་དུང་མཁོ་སྒྲུབ་ལས་དོན་ཞབས་ཞུ་སྤྱི་ཚོགས་ཅན་ལ་འཕོ་བར་ཡར་སྐུལ་དང་། སྤྱི་ཚོགས་ལ་གསོན་ཤུགས་རྒྱས་པར་བྱེད་པའི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་ཆེན་ཐད་གཏོགས་ལས་ཁུངས་མངའ་འོག་གི་ལས་ཁུངས་ཁག་དང་ས་གནས་སོ་སོས་བསམ་བློ་གཅིག་གྱུར་དང་འགྱུར་མེད་རྣམ་འགྱུར། རང་རྟོགས་བསམ་སྦྱོར་བཅས་ཀྱི་སྒོ་ནས། བཅོས་སྒྱུར་བྱ་བའི་འགན་འཁྲིའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། སྲིད་ཇུས་དང་ཡིག་ཆར་སློབ་སྦྱོང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། གོང་འོག་བར་གསུམ་ཚང་མས་བཅོས་སྒྱུར་ལས་དོན་ལ་བབ་བརླིང་རྒྱུན་འཁྱོངས་ཀྱི་རྣམ་འགྱུར་འཛིན་པ། སྔོན་ལ་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཐབས་ཤེས་སྤྱོད་པ་དང་ས་གནས་ཀྱི་བྱེད་ཐབས་རྗེས་ནས་སྤྱོད་པའི་སྦྱོར་བ་ལག་ལེན་ལ་བསྟར་དགོས། སྙོག་སྒྲིག་གི་ལས་ཀ་དང་བསྡོམས་རྩིས་རྟོག་ཞིབ་ཀྱི་ལས་ཀ ངེས་རྩིས་ལ་དབྱེ་ཞིབ་བྱེད་པའི་ལས་ཀ་སོགས་རྨང་གཞི་རང་བཞིན་གྱི་བྱ་བ་སྲ་བརྟན་ངང་བསྒྲུབ་པ་བརྒྱུད། ལས་ཁུངས་གཞུང་གི་རླངས་འཁོར་བཀོལ་སྤྱོད་ལམ་ལུགས་བཅོས་སྒྱུར་བྱ་བ་དངོས་ཐོག་བདེན་འཚོལ་གྱི་རྩ་དོན་ལྟར་སྤེལ་དགོས་ཟེར།

གྲོས་ཚོགས་ལས་ལས་ཁུངས་གཞུང་གི་རླངས་འཁོར་བཀོལ་སྤྱོད་ལམ་ལུགས་བཅོས་སྒྱུར་བྱ་བར་མཚོན་ན། བྱ་བའི་འགན་འཁྲི་ལྕི་ལ་སྲིད་ཇུས་ཀྱི་རང་བཞིན་དྲག་པས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཚན་སོ་སོ་དང་ས་གནས་ཀྱིས་མགོ་ཁྲིད་བྱ་བར་ཤུགས་སྣོན་དང་སེམས་ཞིབ་མོས་རྩ་འཛུགས་བྱེད་པ། བཀོད་སྒྲིག་ཞིབ་ཚགས་བྱེད་པ། འཐུས་སྒོ་ཚང་བའི་ལམ་ལུགས་བསྐྲུན་པ། སྒྲིག་ཁྲིམས་ནན་མོར་འཛིན་པ། དོ་དམ་ལ་ཤུགས་སྣོན་པ་བཅས་ལ་འབུད་འབུངས་ཧུར་བསྐྱེད་བྱས་པ་བརྒྱུད། ལས་ཁུངས་གཞུང་གི་རླངས་འཁོར་བཀོལ་སྤྱོད་ལམ་ལུགས་བཅོས་སྒྱུར་བྱ་བ་ཡར་ལྡན་དུ་སྤེལ་པར་འགན་ལེན་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན།  །

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།