ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ12པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་གྱི་རིག་གནས་འཛུགས་སྐྲུན་རྣམ་གྲངས་སྟེ་རྒྱལ་ཡོངས་ཀྱི་བོད་ཡིག་དཔེ་ཆ་སྡེབ་ཚོང་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་ཞིན་ཧྭ་འགྲེམ་སྤེལ་ཚོགས་པའི་མཛོད་ཁང་གི་སྐྱེལ་ལེན་ལྟེ་གནས་འཛུགས་སྐྲུན་རྣམ་གྲངས་ཀྱི་མགོ་རྩོམ་པའི་མཛད་སྒོ་ཟི་ལིང་གྲོང་ཁྱེར་མཁར་ལྷོ་བཟོ་ལས་ཁུལ་ནས་བསྡུས། རྒྱལ་ཁབ་གསར་འགྱུར་པར་སྐྲུན་བརྙན་འཕྲིན་ཅུའུ་ཡིས་རྣམ་གྲངས་འདི་ལོ་ལྔའི་འཆར་འགོད་བཅུ་གཉིས་པའི་གྲངས་ཉུང་མི་རིགས་གསར་འགྱུར་པར་སྐྲུན་ཤར་རླུང་ལས་གཞིའི་རྣམ་གྲངས་སུ་བཀོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྣམ་གྲངས་འདི་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅུ་གཉིས་པའི་རིག་གནས་འཛུགས་སྐུན་ལས་གཞི་གཙོ་བོའི་གྲས་སུ་བཀོད།

རྒྱལ་ཡོངས་བོད་ཡིག་དཔེ་ཆ་སྡེབ་ཚོང་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་ཞིན་ཧྭ་འགྲེམ་སྤེལ་ཚོགས་པའི་མཛོད་ཁང་གིསྐྱེལ་ལེན་ལྟེ་གནས་འཛུགས་སྐུན་རྣམ་གྲངས་ཀྱི་རྒྱ་ཁྱོན་ལ་མུའུ35ཡོད་པ་དང་། བཟོ་བཀོད་རྒྱ་ཁྱོན་ནི་རྨི་གྲུ་བཞི་མ34556ཡོད། སྤྱིའི་མ་རྩ་སྒོར་དུང་ཕྱུར1.23ཡིན་པ་དང་། འཆར་གཞི་ལྟར་རིམ་པ་གསུམ་དུ་བཀར་ནས་འཛུགས་སྐྲུན་བྱེད་རྒྱུ་རེད། ནང་དོན་ལ་རྒྱ་ཡིག་དང་། བོད་ཡིག  སོག་ཡིག་གསུམ་གྱི་སློབ་ཆུང་དང་སློབ་འབྲིང་གི་སློབ་དེབ་མཛོད་ཁང་གི་སྐྱེལ་འདྲེན་ལྟེ་གནས་དང་། ལས་སྒོའི་ཐོག་ཁང་ཆེན་མོ།  སྲིད་འཛིན་གཞུང་ལས་ཐོག་ཁང་རྣམས་ཡོད་པ་དང་། རྣམ་གྲངས་འདི་ལ་རྒྱལ་ཁབ་གསར་འགྱུར་པར་སྐྲུན་བརྙན་འཕྲིན་ཅུའུ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་།ཞིང་ཆེན་རིག་གནས་གསར་འགྱུར་པར་སྐྲུན་ཐིན། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་སློབ་གསོ་ཐིན། ཟི་ལིང་གྲོང་ཁྱེར་མཁར་ལྷོ་བཟོ་ལས་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་རྣམས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་ཐོབ།  ། 

 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།