ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནས་སྐོར་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལྗོངས་རྒྱུ་ཁུལ་གྱི་རིམ་པ་སྤོར་བ་དང་ཆ་རྐྱེན་ཇེ་ལེགས་སུ་བཏང་སྟེ། གནས་སྐོར་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བྱེད་པར་སྐུལ་འདེད་བྱེད་ཆེད། མཚོ་སྔོན་ཞིང་ཆེན་གྱིས2016ལོར་གནས་སྐོར་ཐད་ཀྱི་ལས་གཞི་ཆེན་པོ་བཅུ་གཅིག་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་དང་། སྔོན་རྩིས་ལྟར་ན་དེའི་ཐད་བསྡོམས་པས་མ་དངུལ་སྒོར་ཐེར་ཆེན་གསུམ་ལྷག་གཏོང་རྒྱུ་རེད།

གནས་སྐོར་ལས་རིགས་ཆེན་པོ་བཅུ་གཅིག་པོའི་ཐད་ཀྱི་ཆ་སྙོམས་ཀྱི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་ལས་བརྒལ་བ་དང་། དེའི་ཁྲོད། མ་དངུལ་གཏོང་ཚད་སྒོར་ཐེར་འབུམ་གཅིག་ལས་བརྒལ་བའི་ལས་གཞི་ཆེ་རིགས་བརྒྱད་ཡོད་པ་དང་། མ་དངུལ་གཏོང་ཚད་སྒོར་ཐེར་ཆེན་ལས་བརྒལ་བའི་ལས་གཞི་ཆེན་པོ་གཅིག་འདུ། ལས་གཞི་བཅུ་གཅིག་གི་འཛུགས་སྐྲུན་ཐད་ནས་མ་འོངས་པར་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་ལྗོངས་རྒྱུ་ཁུལ་མིང་གྲགས་ཅན་གྱི་རྒྱུ་སྤུས་མཐོར་འདེགས་བྱེད་རྒྱུ་དེ་ནང་དོན་གཙོ་བོར་བྱས་ཡོད་པ་དང་། དེའི་ཁྲོད་མཚོ་སྔོན་པོ་དང་སྐུ་འབུམ་དགོན་པ། ཚྭ་ཁའི་ཚྭ་མཚོ་སོགས་ལོ་ཧྲིལ་བོའི་གནས་སྐོར་བ་སྣེ་ལེན་བྱེད་ཚད་ས་ཡ་ལས་བརྒལ་བའི་ལྗོངས་རྒྱུ་ཁུལ་ཚང་མའི་རིགས་མི་འདྲ་བའི་ཆ་སྡེབས་སྒྲིག་ཆས་འཐུས་ཚང་དུ་བཏང་ནས། མུ་མཐུད་དུ་གནས་སྐོར་འཛད་སྤྱོད་ཐད་ཀྱི་མཁོ་འདོན་རྒྱུན་འཁྱོངས་བྱེད་པ་དང་། གནས་སྐོར་བའི་ཡིད་ཚིམས་ཚད་མཐོར་འདེགས་བྱེད་པ། གནས་སྐོར་ཞབས་ཞུའི་བྱེད་ནུས་འཐུས་ཚང་དུ་གཏོང་རྒྱུ་རེད།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།