ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིས་སྟོང་བཅུ་བཞི་ལོའི་ལོ་མཇུག་ཏུ། མཚོ་སྔོན་ཞིང་ཆེན་གྱི་རྒན་པའི་མི་གྲངས་འབུམ་དྲུག་དང་ཁྲི་ལྔ་ལས་བརྒལ་བ་དང་། ལོ་ལོན་ཅན་གྱི་འགྱུར་ཚད་བརྒྱ་ཆའི་བཅུ་གཅིག་ལ་འཕར། ལོ་མང་བོའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་རྒྱུན་མཐུད་སྒོས་རྒན་གསོའི་སྲིད་ཇུས་འཐུས་ཚང་དུ་བཏང་བ་དང་། རྒན་པར་ཞབས་ཕྱི་སྒྲུབ་པའི་བྱ་བའི་ནང་རྐྱེན་བཙུགས་ནས། རྒན་གསོའི་ལས་དོན་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་། མཚོ་སྔོན་ཞིང་ཆེན་གྱི་རྒན་གསོའི་ཞབས་ཕྱི་དང་། རིགས་སོ་སོའི་ནོར་སྲིད་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་གཉིས་ལས་བརྒལ། མཚོ་སྔོན་ཞིང་ཆེན་གྱིས་ས་བབ་མཐོ་ཞིང་དབྱང་རླུང་དཀོན་པའི་ས་ཁུལ་གྱི་རྒན་གསོའི་འབུར་ཐོན་གནད་དོན་ལ་ཁ་གཏད་མཇལ་ནས། རོང་འབྲོག་ཁུལ་གྱི་སྡོད་དམངས་ཁྱིམ་ཚང་ཐར་ཐོར་ཡིན་པའི་གནས་ཚུལ་ཐག་གིས་གཅོད་ཆེད། ད་ལོའི་ཟླ་བདུན་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས«མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་ས་ཁུལ་གྱི་དཀའ་ངལ་ཆེ་བའི་རྒན་པའི་ཚབ་གསོའི་ཞབས་ཕྱིའི་ཚོད་ལྟའི་བྱ་བའི་ཇུས་གཞི»དཔར་སྐྲུན་འགྲེམས་སྤེལ་བྱས།

ཟླ་བརྒྱད་པའི་ཟླ་མགོར། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་རང་བྱུང་ཁོར་ཡུག་ཞན་པ་དང་། དཀའ་ངལ་ལོ་ལོན་གྱི་བསྡུར་ཚད་མཐོ་བ། རྨ་ལྷོ་དང་། ཡུས་ཧྲུའུ། མགོ་ལོག མཚོ་ལྷོ་སོགས་བོད་རིགས་རང་སྐྱོང་ཁུལ་བརྒྱད་ཀྱི་རྫོང་བརྒྱད་དང་ཞང་དང་གྲོང་རྡལ་བཅུ་གཅིག་གི་སྡོད་དམངས་ཐར་ཐོར་དུ་གནས་ཡོད་པ་བཅས་ལ་རྐྱེན་བྱས་ཏེ། རོང་འབྲོག་ཁུལ་གྱི་དཀའ་ངལ་ཆེ་བའི་རྒན་པར་རྒན་གསོའི་ཚོད་ལྟའི་ཞབས་ཕྱིའི་ས་ཚིགས་བཙུགས་ནས། ད་སྔ། ལོ་ལོན་བདུན་བརྒྱ་ལྷག་གིས་ཚབ་གསོའི་ཞབས་ཕྱི་དང་ལེན་བྱས་ཡོད།

“ཚབ་གསོའི་ཞབས་ཕྱིའི”ངོ་བོ་ནི་སྲིད་གཞུང་གིས་རོང་འབྲོག་ས་ཁུལ་གྱི་རྒན་པར་སྡོད་ཁང་བཀོད་སྒྲིག་བྱེད་པའི་ཞབས་ཕྱི་ཞིག་ཡིན་ལ། ཁ་གཏད་ས་གཙོ་བོ་ནི་རོང་འབྲོག་ཁུལ་དང་། ནུབ་བྱང་ས་ཁུལ་གྱི་གྲངས་ཉུང་མི་རིགས་འདུས་སྡོད་བྱེད་སའི་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་རྒན་གསོའི་ཞབས་ཕྱི་ཞིག་ཡིན་ལ། དེ་མིན་དཀའ་ངལ་ཆེ་བའི་ལོ་ལོན་རྒན་པའི་ཉིན་རྒྱུན་གྱི་འཚོ་བར་ཕན་བདེ་བླ་མེད་བསྐྲུན།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།