ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲང་ཀོང་རོང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་དགུན་དཔྱིད་ཀྱི་གཏན་འཇགས་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས།
ཀྲང་ཀོང་རོང་གིས་ནན་གྱིས་བསྟན་དོན། མིག་སྔའི་གནས་བབ་ལ་དབྱེ་ཞིབ་ཡང་དག་དང་ཁོང་དུ་ཆུད་པར་བྱེད་པ་དང་། རྫོང་རེ་རེ་དང་ཞང་རེ་རེ། སྡེ་བ་རེ་རེའི་གནས་ཚུལ་ལ་རྒྱུས་ལོན་གང་ལེགས་བྱེད་པ། བྱ་བར་སྔར་ལས་ཁ་གཏད་རང་བཞིན་ལྡན་པ་དང་ཕན་འབྲས་ལྡན་པར་བྱས་ནས། བསམ་ལམ་གསལ་བོ་ཡིན་པ་དང་བརྡར་ཤ་ཡང་དག་གཅོད་པ། བྱེད་ཐབས་ཤུགས་དང་ལྡན་པར་བྱེད་དགོས། གནས་ཚུལ་དངོས་ལ་དམིགས་ནས། མུ་མཐུད་དུ་འབྲེལ་ཡོད་བྱེད་ཐབས་ལག་བསྟར་བྱེད་དགོས། མུ་མཐུད་དུ་ས་ཆ་སོ་སོའི་གཏན་འཇགས་སྲུང་སྐྱོབ་བྱེད་པའི་བྱ་བའི་ཁྲོད་ཀྱི་ཉམས་མྱོང་བཟང་བོར་སྤྱི་སྡོམ་བྱེད་པ་དང་ཁྱབ་གདལ་དུ་གཏོང་བ་དང་། འགལ་རྩོད་ལ་ཞིབ་བཤེར་དང་ཐག་གཅོད་བྱེད་པ་དང་མི་སྣ་གཙོ་བོར་རོགས་སྐྱོར་དང་དོ་དམ་ཚོད་འཛིན་བྱེད་པ། ཞང་དང་གྲོང་བརྡལ་གཙོ་བོར་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ། ས་ཁུལ་གཙོ་བོར་དོ་དམ་ཚོད་འཛིན་བྱེད་པ་སོགས་ཀྱི་ཕན་ཡོད་བྱེད་ཐབས་ལག་བསྟར་ནན་མོ་བྱས་ཏེ། ཧུར་ཐག་གིས་གཏན་འཇགས་མིན་པའི་ཉེན་ཁ་མེད་པར་བཟོ་བ་དང་གཏན་འཇགས་སྲུང་སྐྱོབ་བྱ་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་། དེ་དང་མཉམ་དུ། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་ལ་གསར་གཏོད་བྱེད་པ་དང་། སྤྱི་ཚོགས་བདེ་སྐྱོང་ཚོད་འགོག་མ་ལག་མུ་མཐུད་ནས་འཐུས་ཚང་དུ་གཏོང་བ། གཞི་རིམ་བདེ་འཇགས་དཔེ་མཚོན་སྐྱེད་བསྲིང་བྱེད་པ། བདེ་འཇགས་དང་དར་སྤེལ་བཟོ་སྐྲུན་ལག་བསྟར་བྱེད་པ། གཞི་རིམ་ཉེན་རྟོག་དང་སྡེ་བའི་ཉེན་རྟོག་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ནས། བདེ་འཇགས་རྨ་ལྷོ་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་དགོས་ཟེར།
ཀྲང་ཀོང་རོང་གིས་འགན་འཁྲི་སྔར་ལས་ཇེ་གསལ་དུ་གཏོང་བ་དང་ལྟ་སྐུལ་མཛུབ་སྟོན་ལ་ཤུགས་སྣོན་པ་དང་། དགུན་དཔྱིད་ཀྱི་གཏན་འཇགས་སྲུང་སྐྱོབ་བྱ་བ་དེ་ཆབ་སྲིད་ལས་འགན་གཙོ་བོ་དང་ཆབ་སྲིད་འགན་འགན་འཁྲི་གཙོ་བོར་བརྩིས་ནས། གཏན་འཇགས་སྲུང་སྐྱོབ་ཐད་ཀྱི་མགོ་ཁྲིད་ཀྱི་འགན་འཁྲི་དང་སྡེ་ཁག་གི་འགན་འཁྲི། ལས་རྐང་གི་འགན་འཁྲི་སྔར་ལས་གཏན་ཁེལ་གསལ་བོ་བྱེད་པ་དང་། མགོ་ཁྲིད་ཀྱིས་གནས་གཏན་ཁེལ་བྱེད་པ་དང་། གཏན་འཇགས་སྲུང་སྐྱོབ་ཐད་ཀྱི་གླེང་མོལ། གནས་སྦྲེལ་ལྟ་སྐུལ་མཛུབ་སྟོན། འགན་འཁྲི་རྩད་གཅོད་སོགས་ཀྱི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། འགན་འཁྲི་གཏན་ཁེལ་བྱེད་པ་དང་། འགན་འཁྲི་ལག་བསྟར་བྱེད་པ། འགན་འཁྲི་རྩད་གཅོད་པའི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་ལ་ཤུགས་བསྣན་ནས། གཏན་འཇགས་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་སྣ་ཚོགས་གཞི་རིམ་ནས་ལག་བསྟར་བཟང་བོ་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས་བའི་རེ་བ་བཏོན། །
རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
འབྲེལ་ཡོད་རྩོམ་ཡིག

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།
པར་རིས་གསར་འགྱུར།
ལྷོ་ཁ་ས་ཁུལ་སློབ་ཆུང་དང་པོས་སློབ་མ་རྩ་འཛུགས་བྱས་ཏེ་རིག་རྩལ་བྱ་འགུལ་སྤེལ་བར་འབད་བརྩོན་བྱས།
ལྷ་སས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་ལྗང་མདོག་ཐོན་ལས་ལྟེ་གནས་ཐོག་མར་བཙུགས་པ།
ལིས་ཁི་ཆང་གིས་དབྱི་རག་གི་ཙུང་ལི་ཨ་པ་ཏིས་དང་གྲོས་མོལ་མཛད།
ཞི་ཅིན་ཕེན་གྱིས་དབྱི་རག་གི་ཙུང་ལི་ཨ་པ་ཏིས་ལ་མཇལ་འཕྲད་གནང་།
བོད་ཁུལ་གསར་འགྱུར།
- 2016ལོར་ཟི་ལིང་དང་འཇར་པན། ཏའེ་པད་བར་རྒྱལ་སྤྱིའི་མཁའ་ལམ་ཤར་གཏོང་བྱེད་རྒྱུ་རེད།
- མཚོ་སྔོན་གྱིས་ཆེས་མཐའ་མཇུག་གི་གློག་མེད་པའི་མི་གྲངས་ཁྲི3.98ལ་གློག་འཐེན་པ།
- མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་གྲོང་ཁྱེར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་རྒྱུད་སྒྲོག་བྱས།
- ཏ་པའོ་ཙི་གྲོང་རྡལ་དུ་ཞིང་ཆེན་རིམ་པའི་རྒན་གསོ་དཔེ་སྟོན་རྟེན་གཞི་འཛུགས་རྒྱུ་རེད།
- མངའ་རིས་ས་ཁུལ་གྱི་གནམ་གཤིས་བརྟག་དཔྱད་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་།
- 2014ལོའི་མཚོ་སྔོན་གསར་འགྱུར་བྱ་དགའ་ཁྱབ་བསྒྲགས་བྱས་པ་དང་བརྩམས་ཆོས142ལ་བྱ་དགའ་ཐོབ།
- ལྷོ་ཁ་ས་ཁུལ་སློབ་ཆུང་དང་པོས་སློབ་མ་རྩ་འཛུགས་བྱས་ཏེ་རིག་རྩལ་བྱ་འགུལ་སྤེལ་བར་འབད་བརྩོན་བྱས།
- མཚོ་སྔོན་ཞིང་ཆེན་ལས་དོན་ལས་ཁུངས་གྱི་རྒན་གསོའི་ཉེན་བཅོལ་ལམ་ལུགས་བཅོས་བསྒྱུར་བྱ་བ་སྤེལ་མགོ་བརྩམས།
- ཁྲེང་ཀོན་ཆུས་ཀྱི་གནས་སྐོར་དཔལ་འབྱོར་དམིགས་ཚད་ཡང་བསྐྱར་མཐོ་ཚད་གསར་བབསྐྲུན།