ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན། ཧྲིན་ཀྲང་ཧའོ་ཕིན་གྱིས་མགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་ང་བཞི་བ་བསྡུས་ཤིང་། ཚོགས་ཐོག་ནས«མཚོ་སྔོན་ཞིང་ཆེན་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་ཐེངས་བཅུ་གསུམ་པའི་ལོ་ལྔའི་འཆར་འགོད་རྩ་འཛིན»ལ་གྲོས་ཞིབ་བྱས་པ་དང་། «མཚོ་སྔོན་གྱི་ནོར་སྲིད་འཁོར་རྒྱུག་དངུལ་གཏོང་ལམ་ལུགས་བཅོས་སྒྱུར་དང་ལེགས་བཅོས་སྐོར་གྱི་དགོངས་འཆར»སོགས་ལ་ཞིབ་འཇུག་བྱས།

གྲོས་ཚོགས་ལས་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་ནི་མཚོ་སྔོན་གྱི་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱ་བ་ལེགས་འགྲུབ་འབྱུང་མིན་གྱི་གནད་འགག་དུས་རིམ་ཡིན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་རྩ་འཛིན་ནི་མ་འོངས་ལོ་ངོ་ལྔའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མ་དབྱིབས་ལྟ་བུ་ཡིན་ལ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀུན་གྱི་བསམ་སྦྱོར་རྩ་འཛིན་དང་ལག་ལེན་ཁ་ཕྱོགས་ཀྱང་ཡིན། ཚན་རིག་གི་ལམ་ནས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་གཏན་འབེབས་བཟོས་ཡོད་པ་དེས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བར་ཡར་སྐུལ་དང་། རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་འཚོ་བ་ཟམ་མ་ཆད་པའི་སྒོ་ནས་ལེགས་བཅོས་གཏོང་བ། འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བཅས་ཀྱི་ཐད་དགེ་མཚན་མི་དམན་པ་ཡོད། མིག་སྔར་གཏན་འབེབས་བཟོས་པའི«རྩ་འཛིན་མ་ཕྱི»འདིས། ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་ཐེངས་བཅུ་གསུམ་པའི་ལོ་ལྔའི་འཆར་འགོད་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཡོད་ཅིང་། གཞི་རྩའི་ཆ་ནས་མཚོ་སྔོན་གྱི་མ་འོངས་པའི་དུས་ཡུན་གང་འཚམ་རིང་གི་འཕེལ་རྒྱས་དངོས་ཀྱི་བླང་བྱ་དང་ཀུན་ནས་མཐུན་པོ་བྱུང་ཡོད། གྲོས་ཚོགས་ལས་བླང་བྱ་བཏོན་ནས་བཤད་རྒྱུར། ཁྱབ་ཆེ་བའི་སྒོ་ནས་བསམ་འཆར་སྣ་མང་བསྡུ་ལེན་བྱས་ཏེ། བསམ་འཆར་སྣ་མང་བསྡུ་ལེན་བྱེད་པ་ནི་ཞིང་ཆེན་ཡོངས་ཀྱི་ཕྱོགས་སོ་སོའི་ཤེས་རབ་སྣ་མང་གི་བཅུད་གཅིག་ཏུ་བསྡུ་བའི་ཐབས་ཤེས་གལ་ཆེན་ཞིག་ལ་བརྩི་དགོས། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་ཀྲུང་དབྱང་གྲོང་ཁྱེར་བྱ་བའི་གྲོས་ཚོགས་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་གསར་བ་གཞི་གཅིག་ཅན་དུ་འཕོ་བར་འབུངས་དགོས་པ་ལས་གཞན། བཅོས་སྒྱུར་གསར་སྐྲུན་གྱི་བླང་བྱ་ལྟར། མི་དམངས་མང་ཚོགས་ཀྱི་འདོད་བློ་མངོན་པར་མཚོན་ནུས་པའི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་བཟང་བོ་ཞིག་གཏན་འབེབས་བཟོ་དགོས་ཟེར། གྲོས་ཚོགས་ལས་བསྟན་དོན། ནོར་སྲིད་འཁོར་རྒྱུག་དངུལ་གཏོང་ལམ་ལུགས་ནི་དེང་རབས་ནོར་སྲིད་ལམ་ལུགས་ཀྱི་ནང་དོན་གཙོ་བོ་ཡིན། མཚོ་སྔོན་གྱི་ནོར་སྲིད་འཁོར་རྒྱུག་དངུལ་གཏོང་ལམ་ལུགས་བཅོས་སྒྱུར་དང་འཐུས་ཚང་དུ་གཏོང་བའི་བྱ་བ་དེས། སྲིད་གཞུང་ཁག་བར་གྱི་རྒྱུ་ཤུགས་དང་བྱ་བའི་འགན་དབང་འདྲེས་སྦྱོར་ཡོང་བར་བྱེད་པ་དང་། སྤྱི་བའི་ཞབས་ཞུའི་ནུས་པ་འདྲ་མཉམ་ཅན་དུ་འཕོ་བར་ཕན་པ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ས་ཁོངས་ཁག་མཐུན་སྦྱོར་མཉམ་གནས་ངང་འཕེལ་རྒྱས་འགྲོ་བ་བཅས་ལ་དགེ་མཚན་མི་དམན་པ་ཡོད་ཟེར། ཚོགས་ཐོག་ནས་མཚོ་སྔོན་གྱི«དབུལ་ཐར་མཁྲེགས་གཏོར་དུས་བཅད་ལས་སྔོན་ལ་མངོན་དུ་འགྱུར་དགོས་པའི་སྐོར་གྱི་ལག་བསྟར་དགོངས་འཆར»དང«ཉིས་སྟོང་བཅུ་དྲུག་ལོའི་དམངས་ཚིས་དོན་དངོས་བཀོད་སྒྲིག་དགོངས་འཆར»། «མཉམ་ལས་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་བྱ་བའི་ལག་བསྟར་དགོངས་འཆར»བཅས་ལ་གྲོས་ཞིབ་བྱས།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།