ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་ནས་ཤེས་གསལ་ལྟར་ན། ཟི་ལིང་དང་ཧན་རྒྱལ་ཁབ། ཐེ་གོ་བར་གྱི་རྒྱལ་སྤྱིའི་མཁའ་ལམ། ཟི་ལིང་ནས་ཞང་ཀང་། ཐའེ་ཝན་ས་ཁུལ་བར་གྱི་མཁའ་ལམ་རྒྱལ་ཁའི་ངང་ཤར་གཏོང་བྱུང་ཡོད་པའི་རྨང་གཞིའི་སྟེང་། རྒྱལ་སྤྱིའི་གནས་སྐོར་བ་མཚོ་བོད་མཐོ་སྒང་དུ་གནས་སྐོར་ལྗོངས་རྒྱུ་བྱེད་པར་སྐུལ་འདེད་བྱེད་པ་དང་ཞིང་ཆེན་ཕྱི་ནང་གི་གནས་སྐོར་བ་ཕྱི་རྒྱལ་དུ་གནས་སྐོར་ལྗོངས་རྒྱུ་བྱེད་དུ་འགྲོ་བར་སྟབས་བདེ་བཟོ་ཆེད། རང་ཞིང་གི་གནས་སྐོར་སོགས་སྡེ་ཁག་མང་པོས་མཐུན་སྦྱོར་མཉམ་ལས་བྱས་ཏེ་ཟི་ལིང་ནས་འཇར་པན། ཏའེ་པད་བར་གྱི་རྒྱལ་སྤྱིའི་མཁའ་ལམ་ཤར་གཏོང་བྱེད་རྒྱུ་རེད།

ཞིང་ཆེན་གནས་སྐོར་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་བའི་མཚམས་སྦྱོར་བྱས་པ་ལྟར་ན། 2015ལོ་ནི་མཚོ་སྔོན་གྱི་གནས་སྐོར་ཕྱི་རྒྱལ་དུ་དྲིལ་བསྒྲགས་བྱེད་པ་ཆེས་བཟང་བའི་ལོ་གཅིག་ཡིན་ལ། རང་ཞིང་གིས་དབྱི་ཐ་ལི་དང་ཧན་རྒྱལ་ཁབ། རང་རྒྱལ་ཐའེ་ཝན་ས་ཁུལ་གྱི་ས་འོག་ལྕགས་ལམ་དང་སྤྱི་སྤྱོད་རླངས་འཁོར། དྲ་རྒྱ་སོགས་གསར་འགྱུར་སྨྱན་བྱད་སྟེང་གནས་སྐོར་ཚོང་འཕྲིན་སྤེལ་ཡོད་པ་མ་ཟད། འཇར་པན་དང་དབྱིན་ཇི་སོགས་རྒྱལ་སྤྱིའི་དྲ་རྒྱ་གྲགས་ཅན་སྟེང་ནས་ཀྱང་རང་ཞིང་གི་གནས་སྐོར་ཐོན་རྫས་དང་སྣང་བརྙན་སྤེལ་ཡོད།   ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།