ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས23ཉིན་གྱི་དུས་ཚོད15དང་སྐར་མ45སྟེང་གཙང་གསུམ་འབྱུང་ཡུལ་དུ་ཆགས་པའི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གཡུ་སྐེ་གྲོང་རྡལ་འབྲི་ཆུ་སྡེ་བ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་ཇོ་མང་སྡེ་བར་གློག་འཐེན་པའི་བཟོ་སྐྲུན་སྤེལ་ནས་གློག་བཏང་བ་དང་བསྟུན་ནས། མཚོ་སྔོན་གྱི་ཆེས་མཐའ་མཇུག་གི་གློག་མེད་པའི་ཁྱིམ་ཚང་9614དང་། མི་གྲངས་ཁྲི39800ཚང་མས་གློག་བཀོལ་ཐུབ་པར་གྱུར་བ་དེས། རྒྱལ་ཁབ་ཀྱི“ལོ་ལྔའི་ཚན་བཅུ་གཉིས”སྐབས་སུ་བཀོད་པའི“གློག་མེད་པའི་ས་ཁུལ་གྱི་མི་ཚང་མས་གློག་བཀོལ་ཐུབ་པར་བྱེད་པའི”དམིགས་འབེན་དུས་ལྟར་མངོན་འགྱུར་བྱས་པ་མཚོན།

རྒྱལ་ཁབ་ནུས་ཁུངས་ཅུའུ་ཡིས2013ལོར་བཀྲམ་པའི་གློག་མེད་པའི་མི་གྲངས་ཀྱིས་གློག་བཀོལ་གནད་དོན་ཁྱོན་ཡོངས་ནས་ཐག་གཅོད་པའི2013ལོ་ནས2015ལོའི་བར་ཏེ་ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི་ཞེས་པའི་ནང་དུ།2012ལོའི་ལོ་མཇུག་ཏུ། མཚོ་སྔོན་ཞིང་ཆེན་དུ་མི་ཁྲི46.9ཡིས་ད་དུང་གློག་མེད་ལ། མི་དེ་དག་ནང་གི་མང་ཆེ་ཤོས་གྲང་ངར་ཆེ་ཞིང་རྒྱང་ཐག་རིང་བའི་མདོ་དབུས་མཐོ་སྒང་གི་དཀྱིལ་དབུས་སུ་ཡོད། རྒྱལ་ཁབ་ཀྱི་ལོ་ལྔའི་ཚན་བཅུ་གཉིས་པའི་ནང་དུ་བཀོད་པའི་གློག་མེད་པའི་ས་ཁུལ་དང་མི་གྲངས་ཚང་མས་གློག་བཀོལ་ཐུབ་པར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་ཆེད། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས2015ལོའི་སྔོན་ལ་གློག་དྲ་རྒྱང་བསྐྱེད་ལ་བརྟེན་ནས་གློག་མེད་པའི་མི་ཁྲི19.7གྱིས་གློག་བཀོལ་བའི་གནད་དོན་དང་ཐག་གཅོད་རྒྱུ་དང་ཉི་གློག་འདོན་སྤྲོད་ལ་བརྟེན་ནས་མི་ཁྲི27.2ཀྱིས་གློག་བཀོལ་བའི་གནད་དོན་ཐག་གཅོད་པའི་ཇུས་གཞི་གཏན་ཁེལ་བྱས་པ་མ་ཟད། ལས་གཞི་འཛུགས་སྐྲུན་གྱི་ལས་འགན་རིམ་བཞིན་བཀོད་སྒྲིག་བྱས།

མཚོ་སྔོན་ཞིང་ཆེན་ནུས་ཁུངས་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་པས་བཤད་པ་ལྟར་ན། མིག་སྔར། ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞིའི་ནང་དུ་བཀོད་སྒྲིག་བྱས་པའི་མཚོ་སྔོན་གྱི་གློག་དྲ་ལས་གཉེར་ས་ཁུལ་གྱི་གློག་དྲའི་འཛུགས་སྐྲུན་ཡོངས་འགྲུབ་བྱས་པ་དང་། ཁྱིམ་སྤྱོད་ཉི་གློག་གློག་འདོན་མ་ལག་ཡོད་ཚད་དོན་ཐོག་ཏུ་འབྱོར་ཡོད་ལ། སྒེར་ཚུགས་ཉི་གློག་གློག་འདོན་ས་ཚིགས་ཡོངས་རྫོགས་ཀྱང་ཡོངས་འགྲུབ་བྱས་ཏེ་བཀོལ་སྤྱོད་བྱེད་བཞིན་ཡོད། 2013ལོ་ནས་2015ལོ་བར། ཞིང་ཆེན་ཡོངས་སུ་བསྡོམས་པས་གློག་མེད་པའི་ས་ཁུལ་དུ་གློག་ཤུགས་འཛུགས་སྐྲུན་ལས་འགན94ལག་བསྟར་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར51.2བཏང་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ4བར་ཡུས་ཧྲུའུ་ནུབ་ཕྱོགས་ཀྱི་རྫོང་གསུམ་གྱི་མཉམ་འབྲེལ་དྲ་རྒྱའི་བཟོ་སྐྲུན་སྤེལ་མགོ་བརྩམས་པ་དང་། ཟླ9བར་ཡུས་ཧྲུའུ་དང་མགོ་ལོག་གི་གློག་དྲ་ཕྱི་ཡི་རྫོང་དགུའི་གློག་མེད་པའི་ས་ཁུལ་ལ་གློག་འཐེན་པའི་བཟོ་སྐྲུན་སྤེལ་མགོ་བརྩམས་པའི་ཚུན་ལ། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིས་བསྡོམས་པས་གློག་དྲ་འཛུགས་སྐྲུན་ཐད་ལ་མ་དངུལ་སྒོར་མོ་དུང་ཕྱུར15.06བཏང་ནས། གློག་སྐྱེལ་གློག་སྒྱུར་གློག་སྦྱོར་བཟོ་སྐྲུན་བརྒྱ་དང་དྲུག་འཛུགས་སྐྲུན་བྱས་པ་དང་། སྟོང་ཧྥུ་110ཡི་གློག་སྐྱེལ་སྐུད་ལམ་སྤྱི་ལེ390དང་སྟོང་ཧྥུ0.4ཡི་གློག་གནོན་དམའ་མོའི་སྐུད་ལམ་སྤྱི་ལེ་1247གསར་དུ་འཐེན་པ་དང་བསྒྱུར་བཀོད་བྱས་ཏེ། མཚོ་སྔོན་གྱི་མཐའ་མཇུག་གི་མི་ཁྲི3.98ལ་འོད་ཟེར་སྐྲུན།   ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།