ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་གྲོང་ཁྱེར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་གྲོས་ཚོགས་མགོ་འཛིན་བྱས་པ་དང་གཏམ་བཤད།

ལོ་ཧོས་ཉིན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱིས་ཕྱི་ངོས་ནས་དཔལ་འབྱོར་བྱ་བའི་ཐད་ནས་བླངས་བའི་གྲུབ་འབྲས་ལ་སྤྱི་སྡོམ་དང་། དེང་སྐབས་ཀྱི་རྒྱལ་སྤྱིའི་རྒྱལ་ནང་གི་དཔལ་འབྱོར་གནས་བབ་དབྱེ་ཞིབ་གཏིང་ཟབ་བྱས་ཡོད་པ་དང་། སང་ལོའི་དཔལ་འབྱོར་བྱ་བའི་སྤྱི་ཁོག་གི་རེ་བ་དང་དམིགས་འབེན་གཙོ་བོ། ལས་འགན་གཙོ་བོ་གཏན་ཁེལ་གསལ་བོ་བྱས་ཡོད་ལ། ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པའི་རྩ་དོན་གལ་ཆེན་ནན་སྟོན་བྱས་ཡོད་པ་མ་ཟད། གྲོང་ཁྱེར་བྱ་བ་བཟང་བོ་བསྒྲུབ་པའི་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད་པ་དང་། བསམ་བློ་གཏིང་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་པ་དང་། འཐབ་ཇུས་རང་བཞིན་དང་ཁ་གཏད་རང་བཞིན། མཛུབ་སྟོན་རང་བཞིན་ཆེན་པོ་ལྡན་ལ། དེ་ནི་ང་ཚོས་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་རིང་གི་དཔལ་འབྱོར་དང་གྲོང་ཁྱེར་བྱ་བ་བཟང་བོར་བསྒྲུབ་པའི་གཞིར་འཛིན་ས་ཡིན། ཙུང་ལི་ལིས་ཁི་ཆང་གིས་སང་ལོའི་དཔལ་འབྱོར་བྱ་བ་དང་གྲོང་ཁྱེར་གྱི་འཆར་འགོད་འཛུགས་སྐྲུན་དོ་དམ་བྱ་བ་སྤེལ་བའི་ཐད་ནས་བཀོད་སྒྲིག་ཞིབ་ཕྲ་བྱས་ཡོད་པས། ང་ཚོས་ངེས་པར་དུ་ངོས་འཛིན་ཟབ་མོ་བྱེད་པ་དང་། བསམ་བློ་དང་འགུལ་སྐྱོད་གཉིས་ཀྲུང་དབྱང་གི་ཐག་གཅོད་གལ་ཆེན་དང་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་དང་གྲོང་ཁྱེར་བྱ་བའི་ཐད་ནས་བླངས་བའི་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་བྱེད་དགོས་ཟེར།

ལོ་ཧོས་ཉིན་གྱིས་བསྟན་དོན། ཐེངས་འདིའི་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱིས་གནས་བབ་ལ་དབྱེ་ཞིབ་བྱེད་པའི་ཐད་ནས་ལྟ་ཚུལ་གསར་བ་བ་བཟུང་ཡོད་པ་དང་། གནད་དོན་གྱི་ཞིབ་འཇུག་ཐད་ནས་གཙོ་ཕལ་བགར་ཡོད་ལ། སྲིད་ཇུས་གཏན་འབེབས་ཐད་ནས་ཁ་ཕྱོགས་གསར་བ་བསྟན་ཡོད་པ་དང་། ལེགས་བསྒྱུར་བྱེད་པའི་བྱ་བའི་ཐད་ནས་རེ་བ་གསར་བ་བཏོན་ཡོད་ལ། དེ་ནི་ཉེ་བའི་ལོ་འགའི་རིང་གི་ཁྱད་ཆོས་མངོན་གསལ་ལྡན་པ་དང་། ཆེ་ཕྱོགས་སྲིད་ཇུས་ཀྱི་བསམ་ལམ་སྔར་ལས་འཐུས་ཚང་བའི་གྲོས་ཚོགས་ཐེངས་ཤིག་ཡིན་པ་དང་། ཏང་ཀྲུང་དབྱང་གིས་དཔལ་འབྱོར་རིག་གཞུང་སྟེང་གི་གསར་གཏོད་དང་དཔལ་འབྱོར་མཛུབ་སྟོན་ཐད་ཀྱི་གཏན་ཚིགས་མངོན་པར་བྱས་ཡོད་པས། ང་ཚོས་རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་ཁོར་ཡུག་གི་འགྲོ་ཕྱོགས་ཐད་ཀྱི་འགྱུར་ལྡོག་ཁོང་དུ་ཆུད་པར་བྱས་ནས། ཀྲུང་དབྱང་གི་བཀོད་སྒྲིག་ལྟར་དུ། མཚོ་སྔོན་གྱི་གནས་ཚུལ་དངོས་དང་ཟུང་སྦྲེལ་དམ་པོ་བྱེད་པ་དང་། སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་སུ་གཏོང་བར་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་བཅོས་བསྒྱུར་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཕྱོགས་སོ་སོའི་བརྩོན་སེམས་བསྐྱེད་པར་རྒྱུན་འཁྱོངས་བྱེད་པ། མྱུར་དུ་དཔལ་འབྱོར་གྱི་འཕེལ་སྟངས་བསྒྱུར་བ། གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། སྐྱེད་བསྲིང་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས་འཕར་སྣོན་སྒུལ་ཤུགས་གསར་བ་གྲུབ་པར་བྱེད་པ་བཅས་བྱས་ཏེ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་མགོ་བཟང་བོ་རྩོམ་པར་ཁག་ཐེག་བྱེད་དགོས་ཟེར།

ལོ་ཧོས་ཉིན་གྱིས་བསྟན་དོན། ཀྲུང་དབྱང་གྲོང་ཁྱེར་བྱ་བའི་གྲོས་ཚོགས་ཀྱིས་དུས་སྐབས་གསར་བའི་གྲོང་ཁྱེར་བྱ་བ་བཟང་བོ་བསྒྲུབ་པའི་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། གྲོང་ཁྱེར་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་འཇོག་དང་གཅིག་གྱུར་འཆར་འགོད་ལྔར་རྒྱུན་འཁྱོངས་བྱེད་པའི་རེ་བ་བཏོན་ཡོད་པས། ང་ཚོས་མཚོ་སྔོན་ཞིང་ཆེན་གཞི་རྩའི་གནས་ཚུལ་ལ་གཞིགས་ནས། ཆོས་ཉིད་ལ་བརྩི་འཇོག་དང་རྒྱུ་སྤུས་ལ་གཙིགས་འཛིན་བྱེད་པ། མི་གཙོ་བོར་འཛིན་པ། གཅིག་གྱུར་འཆར་འགོད་བཟང་བོ་བྱེད་པ། འཆར་འགོད་ཀྱིས་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། བྱེད་ནུས་འཐུས་ཚང་དུ་བཏང་སྟེ་གྲོང་ཁྱེར་འཛུགས་སྐྲུན་ལ་དམ་འཛིན་བྱེད་པར་དམིགས་ནས། གསར་གཏོད་དོ་དམ་ལ་བརྟེན་ནས་གྲོང་ཁྱེར་གྱི་རྒྱུན་མཐུད་འཕེལ་རྒྱས་ནུས་པ་མཐོར་འདེགས་བྱས་ཏེ། ཧུར་ཐག་གིས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་གྱི་འཕེལ་རྒྱས་ལམ་བུ་ཞིག་བཏོད་དགོས་ཟེར།

ཞིང་ཆེན་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཞོན་པ་ཡན་གྱི་ཏང་ཡོན་ལས་བྱེད་པ་དང་གྲོང་ཁྱེར་དང་ཐིན་རིམ་པའི་ཏང་ཡོན་ལས་བྱེད་པ་ཁག་ཅིག་གྲོས་ཚོགས་ལ་ཞུགས།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།