ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཧུའུ་ཁྲང་ཧྲིན་གྱིས་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་གནས་གཏན་ཁེལ་གྱི་དབུལ་སྐྱོར་བྱ་བར་བརྟག་དཔྱད་བྱེད་སྐབས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དབུལ་བསྐྱུར་ལམ་བུ་ཞིག་གཏོད་དགོས་ཞེས་ནན་གྱིས་བསྟན།

བརྟག་དཔྱད་བྱེད་སྐབས། ཧུའུ་ཁྲང་ཧྲིན་ཐེ་ཙི་ཞང་ཐང་པཱ་སྡེ་བ་དང་བ་མཱ་སྡེ་བ་གཉིས་ལ་སོང་ནས། རིམ་པ་མི་འདྲ་བའི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་ལ་བསྡུས་ཏེ། ཧྲུའུ་ཅི་དང་པོ་དང་སྡེ་བའི་ལས་བྱེད་པ། དབུལ་ཕོངས་ཁྱིམ་ཚང་གི་འཐུས་ཚབ་བཅས་མི་ང་བརྒྱད་ལ་རེ་རེ་བཞིན་བརྗེ་རེས་བྱས་པ་དང་། སྔ་གཞུག་ཏུ་དབུལ་ཕོངས་ཁྱིམ་ཚང་བརྒྱད་དུ་འཚམས་འདྲིར་སོང་ནས། དབུལ་བསྐྱུར་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་བསྟན་དོན། དབུལ་སྐྱོར་མཁྲེགས་གཏོར་ལ་སྐུལ་འདེད་བྱེད་རྒྱུ་ནི་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཡིན་པས། རིམ་པ་སོ་སོའི་རྩ་འཛུགས་དང་ཏང་ཡོན། མགོ་ཁྲིད་ལས་བྱེད་པས་ངེས་པར་དུ་ཉེན་ཁའི་འདུ་ཤེས་དང་འགན་ཁུར་ཕོད་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་ཐད་ནས་རྒྱལ་ཁ་ལེན་པར་འབད་བརྩོན་བྱེད་དགོས། དབུལ་སྐྱོར་མཁྲེགས་གཏོར་སྤེལ་པའི་ཐད་ཡིད་ཆེས་ཡོད་པ་དང་དེའི་ཐད་ཀྱི་འདུ་ཤེས་བརྟན་པོ་འཛིན་པ་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན་པས། དབྱེ་ཞིབ་བྱེད་ཤེས་པར་བྱེད་པ་དང་། རིམ་པ་སོ་སོ་རུ་གནས་པའི་འབུར་ཐོན་གནད་དོན་ལ་ངོས་འཛིན་ཡང་དག་བྱས་ནས། གནད་ལ་ཁེལ་བའི་སྒོ་ནས་སྲིད་ཇུས་སྤྱོད་པར་གཞི་འཛིན་ས་བརྟན་པོ་འདོན་སྤྲོད་བྱེད་དགོས། འཆར་འགོད་བཟང་བོ་བྱེད་པ་དང་། ནམ་ཡང་དམིགས་འབེན་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། གཙོ་གནད་དང་དཀའ་གནད་ལ་གཅིག་གྱུར་འཆར་འགོད་བྱས་ནས། ས་བབ་དང་བསྟུན་པ་དང་དུས་ཚོད་དང་བསྟུན་དགོས། སྐུལ་སློང་བཟང་བོ་བྱས་ནས། དབུལ་ཕོངས་མང་ཚོགས་ཕྱུག་པོར་འགྱུར་འདོད་པའི་རེ་འདོད་དེ་རང་སྟོབས་རང་འཕེལ་དང་དབུལ་སྐྱོར་མཁྲེགས་གཏོར་གྱི་སྟོབས་ཤུགས་ཆེན་པོར་འགྱུར་བར་བྱེད་དགོས། རིམ་པ་སོ་སོ་དང་ལས་རིགས་སོ་སོའི་བར་གྱི་བརྗེ་རེས་མཐུན་སྦྱོར་ལ་ཤུགས་བསྣན་ནས། མུ་མཐུད་དུ་ཐོན་ཁུངས་དང་མ་དངུལ། སྟོབས་ཤུགས་མཉམ་བསྲེས་བྱེད་པའི་ཐད་ཤུགས་འདོན་དགོས་ཟེར།  །  

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།