ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གཞི་རིམ་བཅའ་ཁྲིམས་ཞབས་ཞུའི་བྱ་བའི་བཞུགས་མོལ་ཚོགས་འདུ་ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན་ཟི་ལིང་ནས་ཚོགས། ཚོགས་ཐོག་ནས་རྒྱལ་ཁབ་ཁྲིམས་འཛིན་པུའུ་ཡི«ཁྲིམས་རྩོད་པ་དང་དྲང་གཞག གཞི་རིམ་བཅའ་ཁྲིམས་ཞབས་ཞུའི་དོ་དམ་བྱ་བར་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་བརྡ་སྦྱོར»ཁྱབ་སྒྲོག་བྱས་པ་དང་། ཉེ་བའི་ལོ་འགའི་རིང་གི་མཚོ་སྔོན་ཞིང་ཆེན་གྱི་གཞི་རིམ་བཅའ་ཁྲིམས་ཞབས་ཞུའི་བྱ་བའི་གནས་ཚུལ་ཐད་ནས་སྤྱི་སྡོམ་དང་བརྗེ་རེས་བྱས་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་གཞི་རིམ་བཅའ་ཁྲིམས་ཞབས་ཞུའི་བྱ་བ་སྔར་ལས་བཟང་བོར་བསྒྲུབ་པའི་ཐད་ནས་ཞིབ་བསྡུར་བྱས། གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་ཁྲིམས་འཛིན་ཅུའུ་དང་། རྫོང་དང་ཆུའུ། གྲོང་ཁྱེར། སྲིད་འཛིན་ཨུ་ཡོན་ལྷན་ཁང་སོ་སོའི་ཁྲིམས་འཛིན་ཅུའུ་ཡི་འགན་ཁུར་མི་སྣ་དང་གཞི་རིམ་བཅའ་ཁྲིམས་ཞབས་ཞུའི་བྱ་བ་སྒྲུབ་མཁན་གྱི་འཐུས་ཚབ་བཅས་མི་བདུན་ཅུ་ལྷག་ཚོགས་འདུར་ཞུགས།

ཚོགས་ཐོག་ནས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱི་གཞི་རིམ་བཅའ་ཁྲིམས་ཞབས་ཞུའི་བྱ་བ་ཡུན་རིང་བོར་འཕེལ་རྒྱས་སུ་སོང་ཡོད་པ་དང་། གྲུབ་འབྲས་མི་དམན་པ་བླངས་ཡོད། གཞི་རིམ་བཅའ་ཁྲིམས་ཞབས་ཞུ་ནི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་རོགས་འདེགས་སྟོབས་ཤུགས་གལ་ཆེན་ཡིན་པ་དང་། ཁྲིམས་འཛིན་སྲིད་འཛིན་དཔུང་སྡེ་དང་གཞི་རིམ་ཁྲིམས་སྐྱོང་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་མེད་དུ་མི་རུང་བའི་གཏན་འཇགས་སྲུང་སྐྱོབ་ཀྱི་སྟོབས་ཤུགས་ཡིན་ལ། སྤྱི་བའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྲུན་མཐོར་འདེགས་བྱེད་པའི་གྲུབ་ཆ་གཙོ་བོ་ཡིན་པས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྟེང་གི་གཞི་རིམ་བཅའ་ཁྲིམས་ཞབས་ཞུའི་བྱ་བ་སྒྲུབ་མཁན་གྱི་དཔུང་སྡེ་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་རེ་བ་ལག་ལེན་མཐར་ཕྱིན་བྱས་ནས། གཞི་རིམ་བཅའ་ཁྲིམས་ཞབས་ཞུའི་བྱ་བར་སྔར་ལས་ཤུགས་སྣོན་པ་དང་ཚད་ལྡན་དུ་གཏོང་དགོས། ནང་ཁོག་གི་དོ་དམ་སྒྲིག་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་བཅའ་ཁྲིམས་ཞབས་ཞུ་ཁང་གི་ཉིན་རྒྱུན་གྱི་ལས་གཉེར་དོ་དམ་ལྟ་སྐུལ་ཐད་ཤུགས་སྣོན་པ། ལོ་ཧྲིལ་བོའི་ཞིབ་བཤེར་དཔྱད་ཞིབ་བྱ་བ་གཟབ་ནན་སྒོས་སྤེལ་ནས། གཞི་རིམ་བཅའ་ཁྲིམས་ཞབས་ཞུའི་ལས་རིགས་ཐད་ཀྱི་ཁྲིམས་འགལ་ལུགས་འགལ་གྱི་སྤྱོད་ཚུལ་ལ་ཐག་གཅོད་ནན་མོ་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།