ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་རྗེས་སུ། རྒྱལ་ཁབ་ནོར་སྲིད་པུའུ་དང་། ཧྲན་ཏུང་ཞིང་ཆེན། ཧྲིན་ཧྭ་སྡེ་ཚོགས་བཅས་ཀྱི་རྒྱབ་སྐྱོར་འོག་ཏུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་རོགས་སྐྱོར་མ་དངུལ་སྒོར་མོ་ཐེར་འབུམ་དགུ་དང་དུང་ཕྱུར་ལྔ་ཐོབ། ཧྲན་ཏུང་ཞིང་ཆེན་གྱིས་བསྡོམས་པས་ལས་གཞི་རེ་དྲུག་གཏན་ལ་ཕབ་ཅིང་། དེའི་ཁྲོད་དུ་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་བདུན་དང་ས་ཡ་གཉིས་བཏང་། གོང་གི་ལས་གཞི་དེས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དངུལ་གཏོང་གི་བརྒྱ་ཆའི་བརྒྱ་ཟིན།
ཉིས་སྟོང་བཅོ་ལྔ་ལོའི་ཟླ་དྲུག་པའི་ཟླ་མཇུག་བར་དུ། ཧྲན་ཏུང་ཞིང་ཆེན་གྱིས་རོགས་སྐྱོར་ལས་གཞི་སོ་གཉིས་ཡོངས་འགྲུབ་བྱས་ཤིང་། མཚོ་བྱང་ཁུལ་གྱི་སློབ་གསོའི་ལས་དོན་དང་། རིག་གནས། ཚན་རིག་འཕེལ་རྒྱས་བཅས་ལ་རྒྱབ་སྐྱོར་བྱས། ལས་གཞི་གཙོ་བོ་ནི་འབྲོག་དམངས་གཏན་སྡོད་ཀྱི་བཟོ་སྐྲུན་དང་། གྲོང་སྡེ་གསར་བ་འཛུགས་སྐྲུན་བྱེད་པ། འབྲོག་ཁུལ་གྱི་ཉེན་ཁང་ཞིག་གསོ། རིག་གནས་ལུས་རྩལ། དམངས་ཚིས་བཟོ་སྐྲུན་བཅས་ལག་བསྟར་དངོས་འབེབས་བྱས། གཞན་ཡང་། མ་དངུལ་སྒོར་དུང་ཕྱུར་གཉིས་བཏང་ནས། མགྲོན་པོར་སྣེ་ལེན་བྱེད་ས་དང་། བཟའ་བཏུང་། རོལ་རྩེད། གྲོས་ཚོགས་ཁང་བཅས་གཞི་གཅིག་ཅན་གྱི་སྐར་ལྔ་རིམ་པའི་མགྲོན་ཁང་ཆེན་མོ་ཞིག་འཛུགས་སྐྲུན་བྱས། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
འབྲེལ་ཡོད་རྩོམ་ཡིག

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།
པར་རིས་གསར་འགྱུར།
བོད་ཀྱི་རྒྱུན་འཛིན་པ10རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མྱུར་སྐྱོབ་ཐོ་འགོད་ནང་ཚུད་པ།
ཞི་ཅིན་ཕེན་གྱིས་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཧིག་སེ་དབྱིན་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕེན་གྱིས་ཧ་སག་སི་ཐན་གྱི་ཙུང་ལི་མ་ཞི་མའོ་ཧྥུའུ་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕེན་གྱིས“མཉམ་འབྲེལ་དྲ་རྒྱའི་འོད་སྣང”ཞེས་པའི་འགྲེམ་སྟོན་ཚོགས་འདུའི་བྱ་བར་རྟོག་ཞིབ་མཛད།
བོད་ཁུལ་གསར་འགྱུར།
- སྟེང་ཆེན་རྫོང་ས་མདོ་ཤང་གིས་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་བ།
- ལྷ་ས་གྲོང་ཁྱེར་གྱི་རྫོང་གསུམ་གྱི་སྤྱི་ཚོགས་ཕན་བདེ་ཁང་སྤྱོད་འགོ་ཚུགས་པ།
- སྟག་རྩེ་རྫོང་བདེ་ཆེན་སྡེ་ཁུལ་ཨུ་ཡོན་ལྷན་ཁང་ཏང་ཀྲེ་པུས་མང་ཚོགས་ཀྱི་དོན་དངོས་དཀའ་ངལ་སེལ་བ།
- ནག་ཆུའི་ཁག་བཞི་པའི་གྲོང་ཚོར་བཅའ་སྡོད་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།
- བོད་རང་སྐྱོང་ལྗོངས་ཀྱི་ཉི་ནུས་ཉམས་ལེན་འགྲེམ་སྟོན་ལྟེ་གནས་སྒོ་ཕྱེ་བ།
- ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱིས2016ལོར་གནས་སྐོར་སྤྱིའི་སྒོར་དུང་ཕྱུར150སླེབས་པར་བརྩོན་ལེན་བྱ་རྒྱུ་རེད།
- ལོ་ལྔའི་ནང་ཧྲན་ཏོང་ཞིང་ཆེན་གྱིས་མཚོ་བྱང་ཁུལ་མ་དངུལ་སྒོར་དུང་ཕྱུར9.5རོགས་སྐྱོར་བྱས།
- མཚོ་སྔོན་སོག་རིགས་ཞིབ་འཇུག་ཚོགས་པ་མཚོ་བྱང་ཁུལ་ཡན་ལག་ཚོགས་པ་བཙུགས་པ།
- གཞིས་རྩེ་གྲོང་ཁྱེར་གྱིས་ཀུན་སྤྱོད་འདུ་ཤེས་མཐོ་རུ་གཏོང་བའི་བྱེད་སྒོ་སྤེལ་བ།