ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ལོ་ལྔའི་ཚན་བཅུ་གཉིས་ནས་བཟུང་། རྒྱལ་ཁབ་ནོར་སྲིད་པུའུ་དང་ཧྲན་ཏོང་ཞིང་ཆེན། ཧྲིན་ཧྭའི་སྡེ་ཚོགས། ཝུ་ཁོང་སྡེ་ཚོགས་དང་ཀྲུང་གོའི་ཧ་ཡང་ཀུང་ཟི། ཀྲུང་གོའི་འབྲུ་རིགས་སྡེ་ཚོགས་བཅས་ཀྱིས་རྒྱབ་སྐྱོར་བྱས་འོག མཚོ་བྱང་ཁུལ་གྱི་ཁ་གཏད་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར9.5ལ་སླེབས་ཡོད།

ལོ་ལྔའི་ནང་། ཧྲན་ཏོང་ཞིང་ཆེན་གྱིས་རྣམ་གྲངས61ལག་བསྟར་བྱས་པ་དང་རོགས་སྐྱོར་མ་དངུལ་སྒོར70200 བཏང་ཡོད་པས། ལོ་ལྔའི་ནང་འཆར་གཞིའི་དངུལ་གཏོང་ལས 100%ཟིན། 2015ལོའི་ཟླ6པའི་ཟླ་མཇུག ཧྲན་ཏོང་ཞིང་ཆེན་གྱིས་རོགས་སྐྱོར་རྣམ་གྲངས31ལེགས་འགྲུབ་བྱུང་བ་དང་རྣམ་གྲངས29འཛུགས་སྐྲུན་བྱེད་བཞིན་ཡོད། ཧྲན་ཏོང་ཞིང་ཆེན་གྱིས་ད་དུང“ བྱ་བ་གཅིག་དང་བགྲོ་གླེང་གཅིག རྒྱབ་སྐྱོར་གཅིག” ཞེས་པའི་དམིགས་བསལ་སྲིད་ཇུས་མ་དངུལ་སྒོར་ཁྲི2000ཞལ་འདེབས་ཕུལ་ནས། མཚོ་བྱང་ཁུལ་གྱི་སློབ་གསོ་བྱ་གཞག་དང་རིག་གནས། ཚན་རྩལ་འཕེལ་རྒྱས་བཅས་ལ་རྒྱབ་སྐྱོར་བྱས། ལོ་ལྔའི་ནང་། མཚོ་བྱང་ཁུལ་གྱིས་རོགས་འཛུགས་མ་དངུལ་དང་དངོས་ཟིག་སོགས་ཧ་ལམ་སྒོར་ཁྲི 8700 ཧྲག་བསྡུ་བྱས་པ་དང་གཙོ་བོར་རིག་གནས་སློབ་གསོ་དང་འཕྲོད་བསྟེན། ཐོན་ལས་འཕེལ་རྒྱས། གཞུང་སྒྲུབ་ཁང་གི་འཚོ་བའི་ཆ་རྐྱེན་སོགས་ལ་བཀོལ། མིག་སྔའི་བར། ཀྲུང་དབྱང་གིས་མཚོ་བྱང་ཁུལ་ལ་རོགས་སྐྱོར་བྱས་པའི་མ་དངུལ་སྒོར་ཁྲི13303དངོས་འབེབས་བྱས་པ་དང་། དེ་དག་འབྲོག་པའི་གཏན་སྡོད་བཟོ་འགོད་དང་ཞིང་སྡེ་གསར་བ། ཁང་རྙིང་ལེགས་བཅོས། རིག་གནས་ལུས་རྩལ་རྣམ་གྲངས་དང་དམངས་འཚོའི་བཟོ་འགོད་གཞན་དག་ཐད་བཀོལ།  །

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།