མཚོ་སྔོན་སོག་རིགས་ཞིབ་འཇུག་ཚོགས་པ་མཚོ་བྱང་ཁུལ་ཡན་ལག་ཚོགས་པ་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་སོག་རིགས་ཞིབ་འཇུག་ཚོགས་པ་མཚོ་བྱང་ཁུལ་ཡན་ལག་ཚོགས་པ་བཙུགས་པའི་མཛད་སྒོ་ནུབ་མཚོ་གྲོང་རྡལ་ནས་བསྡུས་ཤིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་སོག་རིགས་ཞིབ་འཇུག་ཚོགས་པ་དངོས་སུ་བཙུགས་པར་མཚོན།

མཚོ་སྔོན་སོག་རིགས་ཞིབ་འཇུག་ཚོགས་པ་མཚོ་བྱང་ཁུལ་ཡན་ལག་ཚོགས་པ་བཙུགས་པ་ནི་མཚོ་སྔོན་གསོ་རིགས་ཞིབ་འཇུག་ཚོགས་པ་མཚོ་བྱང་ཁུལ་འབྲེལ་གཏུགས་ཚན་ཆུང་བཙུགས་ཡོད་པའི་རྨང་གཞིའི་སྟེང་བཙུགས་པ་ཡིན་ལ། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་སོག་རིགས་ཞིབ་འཇུག་ཚོགས་པ་མཚོ་བྱང་ཁུལ་འབྲེལ་གཏུགས་ཚན་ཆུང་གིས་སོག་རིགས་ཀྱི་རིག་གཞུང་བརྗེ་རེས་དང་དམངས་སྲོལ་རིག་གནས་རྒྱུད་འཛིན་ཕྱོགས་ནས་བྱ་བ་མང་པོ་སྒྲུབ། སྔོན་འདོན་དང་ལེགས་སྒྲིག་བྱས་པ་བརྒྱུད། 《ཧེ་ཡན་རྫོང་གི་སོག་རིགས་ལོ་རྒྱུས 》 དང 《མདོ་ལའི་གསོ་རིགས་ལོ་རྒྱུས》 སོགས་རྩོམ་སྒྲིག་ལེགས་འགྲུབ་བྱུང་།

མཚོ་སྔོན་སོག་རིགས་ཞིབ་འཇུག་ཚོགས་པ་མཚོ་བྱང་ཡན་ལག་ཚོགས་པས་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་མཉམ་ལས་བྱས་ཏེ། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་མི་རིགས་སྐད་ཡིག་རྒྱུད་འཛིན་ཕྱོགས་ནས་འབད་པ་བྱེད་རྒྱུ་ཡིན་པ་དང་། གསོ་རིགས་ལས་བྱེད་མང་ཚོགས་དམངས་ཁྲོད་ཀྱི་བྱ་འགུལ་ནང་ཞུགས་པར་སྐུལ་འདེད་བྱེད་རྒྱུ་ཡིན་ལ། གསོ་རིགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཏེ། མཚོ་བྱངཁུལ་གྱི་སོག་རིགས་ཞིབ་འཇུག་ལ་སྐུལ་འདེད་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།