ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་དགུན་ཁར། དཀའ་ཁག་མང་ཚོགས་ཀྱི་དགུན་དྲོན་པོ་ཞིག་རོལ་དུ་འཇུག་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ཡང་བསྐྱར་གྲོང་ཁྱེར་གྱི་མ་མཐའི་འཚོ་བར་འགན་སྲུང་བྱེད་པའི་ཁྱིམ་ཚང་གི་དྲོད་འདོན་ཁ་གསབ་དངུལ་ཇེ་མཐོར་བཏང་སྟེ། མཉམ་གཅིག་དུ་མཁར་གྲོང་གི་དཀའ་ཁག་མང་ཚོགས་འབུམ་ལྔ་དང་ཁྲི་བདུན་ལ་འཚོ་བའི་ཁ་གསབ་དངུལ་སྟེར་ཐེངས་གཅིག་བྱས་པ་དང་། མིག་སྔར་ཁ་གསབ་སྒོར་ཡོངས་རྫོགས་དཀའ་ཁག་མང་ཚོགས་ཀྱི་ལག་ཏུ་བྱིན།

ཞིང་ཆེན་ནོར་སྲིད་ཐིན་གྱི་ལས་བྱེད་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། ཞིང་ཆེན་ནོར་སྲིད་ཐིན་གྱིས་ཆེད་དུ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་ས་ཡ་བཞི་གྲབས་གསོག་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཀའ་ཁག་མང་ཚོགས་ལ་བྱིན་པ་དང་། དེའི་ཁྲོད་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་དཀའ་ཁག་མང་ཚོགས་ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ས་ཡ་བདུན་བྱིན་པ་དང་། ཁ་གསབ་ཁྱབ་ཁོངས་ཁྲོད་དུ་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་དང་ཞིང་སྡེའི་ལྔ་སྐྱོང་བྱེད་ཡུལ། རྒྱལ་ཁབ་ཀྱི་གཟིགས་སྐྱོང་ཁ་གསབ་ལོངས་སྤྱོད་བྱེད་བཞིན་པའི་གཟིགས་སྐྱོང་བྱེད་ཡུལ་གཙོ་བོ། ཀྲུང་གོ་གསར་བ་དབུ་མ་བརྙེས་གོང་དུ་ཏང་ནང་དུ་ཞུགས་པའི་ཞིང་སྡེའི་ཏང་ཡོན་རྒན་པ་དང་ལས་བྲལ་དང་ལུས་འཁྱུར་ངལ་གསོའི་ཐོབ་ཐང་ལོངས་སྤྱོད་བྱེད་ཐུབ་ཀྱིན་མེད་པའི་གྲོང་གསེབ་ཀྱི་ཏང་ཡོན་རྒན་པ་བཅས་འདུ། ཁ་གསབ་དངུལ་སྟེར་བའི་ཚད་གཞི་ནི་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་མི་རེར་སྒོར་བཞི་བརྒྱ་དང་། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་དང་ལྔ་སྐྱོང་བྱེད་ཡུལ་མི་རེར་སྒོར་སུམ་བརྒྱ་རེ་བྱིན་པ་དང་། རྒྱལ་ཁབ་ཀྱི་གཟིགས་སྐྱོང་ཁ་གསབ་ལོངས་སྤྱོད་བྱེད་བཞིན་པའི་གཟིགས་སྐྱོང་མི་སྣ་དང་ཀྲུང་གོ་གསར་བ་དབུ་མ་བརྙེས་གོང་གི་ཏང་ཡོན་རྒན་པར་མི་རེར་སྒོར་བཞི་བརྒྱ་དང་དྲུག་ཅུ་བྱིན།

མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་ད་དུང་ཡང་བསྐྱར་ལེགས་སྒྲིག་དང་ཇེ་མཐོར་བཏང་བའི་གྲོང་ཁྱེར་གྱི་མ་མཐའི་འགན་སྲུང་བྱེད་ཡུལ་གྱི་དྲོད་འདོན་ཁ་གསབ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་བདུན་བཀོད་སྒྲིག་བྱས་ནས། དཀའ་ཁག་མང་ཚོགས་ཀྱི་དགུན་ཁ་དྲོན་པོ་ཞིག་རོལ་བར་ཁག་ཐེག་བྱས། གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་གྱི་དྲོད་འདོན་ཁ་གསབ་རོགས་དངུལ་གྱི་ཚད་གཞི་དེ་སྔར་གྱི་རྨང་གཞིའི་སྟེང་སྒོར་བཞི་བརྒྱའི་ཇེ་མཐོར་བཏང་བ་དང་། དེའི་ཁྲོད་ཁྲིམས་བཀོད་གཉོར་སྐྱོང་བྱེད་མཁན་མེད་པ་དང་། ངལ་རྩལ་ནུས་ཤུགས་མེད་པ། འཚོ་བའི་ཡོང་ཁུངས་མེད་པའི་ཁྱིམ་ཚང་རེའི་ཁ་གསབ་དངུལ་སྒོར་དྲུག་བརྒྱ་ནས་སྒོར་སྟོང་བཏང་བ་དང་། སྤྱིར་བཏང་གི་མ་མཐའི་འཚོ་བར་འགན་སྲུང་བྱེད་པའི་ཁྱིམ་ཚང་གི་ཁ་གསབ་དངུལ་སྒོར་སུམ་བརྒྱ་དང་ལྔ་བཅུ་ནས་བདུན་བརྒྱ་དང་ལྔ་བཅུ་རུ་ཇེ་མཐོར་བཏང་།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།