ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། མཚོ་སྔོན་ཞིང་ཆེན་གྱི་རྒན་གསོ་ཞབས་ཞུའི་ཆ་འཕྲིན་སྟེགས་བུའི་དུས་སྐབས་དང་བོའི་རྣམ་གྲངས་འཛུགས་སྐྲུན་དེ་ཟི་ལིང་ནས་སྤེལ་མགོ་བརྩམས།

རྒྱུན་ལོན་བྱུང་བ་ལྟར་ན། རྒན་གསོ་ཞབས་ཞུའི་ཆ་འཕྲིན་སྟེགས་བུ་ནི་སྤྲིན་རྩིས་དང་གཞི་གྲངས་ཆེ་བ་སོགས་ཆ་འཕྲིན་ཅན་གྱི་ལག་རྩལ་བེད་སྤྱོད་བྱས་ཏེ་འཛུགས་སྐྲུན་བྱས་པ་དང་རྒན་གསོའི་རྨང་གཞིའི་གཞི་གྲངས་དེ་འདེགས་སྐྱོར་དུ་བྱས་པའི་ཞིང་ཆེན་ཡོངས་ཀྱི་རྒན་གསོའི་ཞབས་ཞུ་དོ་དམ་སྟེགས་བུ་ཞིག་ཡིན་ལ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒན་གསོ་ཞབས་ཞུའི་ཆ་འཕྲིན་སྟེགས་བུ་དེར་ཞིང་ཆེན་དམངས་སྲིད་ཐིན་དང་ནོར་སྲིད་ཐིན་གྱིས་རྒྱབ་སྐྱོར་བྱས་ཤིང་ཀྲུང་གོ་གློག་རྡུལ་མཐུན་ཚོགས་མ་ལག་བསྡུ་འགྲེམ་ཀུང་ཟི་མཚོ་སྔོན་ཡན་ལག་ཀུང་ཟིས་ཇུས་འགོད་བྱས་པ་རེད། དུས་སྐབས་དང་བོའི་འཛུགས་སྐྲུན་དེ་མཉེན་ཆས་གསར་སྤེལ་བྱེད་པ་གཙོར་བཟུང་ནས་ཞིང་ཆེན་ཡོངས་ཀྱི་རྒན་གསོའི་གཞི་གྲངས་ཆེ་བའི་སྟེགས་བུ་འཛུགས་པ་དང་ཕྱོགས་བསྡུས་རང་བཞིན་གྱི་རྒན་གསོ་ཞབས་ཞུའི་སྟེགས་བུ་བཙུགས་ཏེ་ཁྱིམ་སྡོད་རྒན་གསོ་དང་ལས་ཁུངས་རྒན་གསོའི་དོ་དམ་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་རྒྱུ་རེད། སྟེགས་བུ་འདིས་སྲིད་གཞུང་དང་སྤྱི་ཚོགས་ཀྱི་རིགས་སོ་སོའི་ཐོན་ཁུངས་ལེགས་སྒྲིག་བྱེད་པ་དང་ཞིང་ཆེན་ཡོངས་ཀྱི་གཅིག་གྱུར་གྱི་རྒན་གསོའི་དོ་དམ་རྐྱེན་སྲོལ་གྱིས་ཚོད་འཛིན་བྱས་ཏེ་དྲ་ཚིགས་དང་སྐད་འཕྲིན་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་རྒན་གསོ་ཞབས་ཞུའི་དགོས་མཁོ་དང་འབྲེལ་མཐུད་བྱེད་པ་དང་སྤྱི་ཕན་བྱ་འགུལ། ལྟ་སྐུལ་དོ་དམ་སོགས་ཕྱོགས་བསྡུས་རང་བཞིན་གྱི་རྒན་གསོའི་ཞབས་ཞུ་མངོན་འགྱུར་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།