ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  མིག་སྔར། ཆེས་མཐོ་མི་དམངས་ཁྲིམས་ཁང་གསར་འགྱུར་ཅུའུ་ཡིས་སྒྲུབ་པའི་རྒྱལ་ཡོངས་ཀྱི་གསར་འགྱུར་མགྲིན་ཚབ་པའི་བརྙན་འཕྲིན་འགྲན་བསྡུར་མཇུག་སྒྲིལ་བ་དང་། རང་ཞིང་གི་ཟི་ལོང་གྲོང་ཁྱེར་མཁར་ནུབ་ཁུལ་མི་དམངས་ཁྲིམས་ཁང་དང་ཧེ་ཡན་རྫོང་མི་དམངས་ཁྲིམས་ཁང་། ཝུའུ་ལེན་རྫོང་མི་དམངས་ཁྲིམས་ཁང་གི་ཁྲིམས་ཁང་མགྲིན་ཚབ་པར་ཕུལ་བྱུང་བྱ་དགའ་ཐོབ།

ད་ལོ་ནས་བཟུང་། རང་ཞིང་གི་རིམ་པ་གསུམ་པའི་ཁྲིམས་ཁང་གིས་ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་ཁྱོན་ཡོངས་ནས་རྒྱུན་ལྡན་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ལམ་ལུགས་ལག་བསྟར་བྱེད་དགོས་པའི་བླང་བྱ་ལྟར། དེར་མཐོང་ཆེན་བྱེད་པ་དང་ནན་ཏན་གྱིས་བཀོད་སྒྲིག་བྱེད་པ། ཕན་འབྲས་ཡོད་པའི་སྒོ་ནས་གསར་འགྱུར་ཁྱབ་བསྒྲགས་རྣམ་པ་བེད་སྤྱོད་བྱས་པ་བརྒྱུད། སྤྱི་ཚོགས་ཡོངས་ལ་མི་དམངས་ཁྲིམས་ཁང་སྲིད་ཁྲིམས་ཐད་ཀྱི་བྱེད་ཐབས་གསར་བ་དང་། ལམ་ལུགས་གཙོ་གནད་འཛུགས་སྐྲུན། ཆེད་དོན་བྱ་འགུལ་སྤེལ་བ་སོགས་ནས་ཁྱབ་བསྒྲགས་བྱེད་བཞིན་ཡོད། ཟླ༡༡བར་ཞིང་ཆེན་ཡོངས་ཀྱི་མི་དམངས་ཁྲིམས་ཁང༥༥ཡིས་སྤྱི་ཚོགས་ཡོངས་ལ་གསར་འགྱུར་མགྲིན་ཚབ་པའི་བརྡ་འཕྲིན་ཁྱབ་བསྒྲགས་བྱས་པ་དང་། མི་དམངས་ཁྲིམས་ཁང༤༤ཡིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཐེངས༦༩ལ་སྤེལ། རྒྱུན་ལྡན་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སྤེལ་བའི་ལམ་ལུགས་ལག་བསྟར་བྱས་པ་ནས་བཟུང་། སྔར་ལས་ལྷག་པར་སྤྱི་ཚོགས་སྟེང་གི་ལས་རིགས་སོ་སོའི་མི་དམངས་ཁྲིམས་ཁང་ལ་རྒྱུས་ལོན་བྱེད་པ་དང་སྲིད་ཁྲིམས་ཕྱོགས་ཀྱི་དྲང་བདེན་བཅས་ལ་ནུས་པ་གལ་ཆེན་ཐོན་ངེས།  །

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།