ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས15ཉིན་མཚོ་སྔོན་ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིན་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཉེ་ལམ་པེ་ཅིན་ནས་བསྡུས་པའི་རྒྱལ་ཡོངས་སྐབས་དྲུག་པའི་ཞིང་བར་ཞབས་འདེགས་ཞུ་བ་དང་། གཞི་རིམ་རིག་གནས་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་སྔོན་ཐོན་ཐུན་མོང་ལ་གཟེངས་བསྟོད་བྱེད་པའི་ཚོགས་འདུའི་སྟེང་། མཚོ་སྔོན་གྱི་ལས་ཁུངས13ལ་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་། རིག་གནས་པུའུ། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་བཅས་ཀྱིས་གནང་བའི“རྒྱལ་ཡོངས་སྐབས6པའི་ཞིང་བར་ཞབས་འདེགས་ཞུ་བ་དང་། གཞི་རིམ་རིག་གནས་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་སྔོན་ཐོན་ཐུན་མོང་གི་གཟེངས་བསྟོད”ཐོབ།

རྒྱུས་ལོན་བྱུང་བ་ལྟར་ན། ལས་ཁུངས་འདི་དག་གི་ཁྲོད་དུ། རིག་གནས་ཁང་དང་། དཔེ་མཛོད་ཁང་། སྡོད་ཁུལ་རིག་གནས་ལྟེ་གནས། ཞང་དང་གྲོང་རྡལ་རིག་གནས་ས་ཚིགས་བཅས་ཀྱི་རིགས་ལ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་རིག་གནས་དཔེ་མཛོད་ཁང་དང་། ཟི་ལིང་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་རིག་གནས་སྒྱུ་རྩལ་ཞབས་ཞུ་ལྟེ་གནས། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་རིག་གནས་ཁང་བཅས་ཡོད། རིག་གནས་ཁང་དང་ཚོགས་པའི་རིགས་ལ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་ལྕགས་རི་ཐང་ཞང་གེ་སར་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་རིག་གནས་སྒྱུ་རྩལ་ཚོགས་པ། མཚོ་སྔོན་བདེ་སྐྱིད་དམངས་ཁྲོད་གླུ་གར་ཚོགས་པ་བཅས་ཡོད། རིག་གནས་ཚོང་རའི་དོ་དམ་དང་ཁྲིམས་སྐྱོང་ལས་ཁུངས་ཀྱི་རིགས་ལ། ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུའུ་རིག་གནས་གནས་སྐོར་ཁྲིམས་སྐྱོང་རུ་ཁག་ཡོད། སྐྱེལ་སྟོན་གློག་བརྙན་སྔོན་ཐོན་ཐུན་མོང་གི་རིགས་ལ་མཚོ་སྔོན་དམངས་ཕན་ཞིང་ཕྱུགས་ས་ཁུལ་གྱི་གྲངས་ཀའི་གློག་བརྙན་ཁང་སྐུད་ཡོད་ཀུང་ཟི་དང་། མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་གློག་བརྙན་གཏོང་བའི་གསར་སྤེལ་དོ་དམ་ས་ཚིགས་ཡོད། སྡེ་བ་རེ་རེས་བརྙན་འཕྲིན་ལ་བལྟ་ཐུབ་པ་དང་རྒྱང་སྒྲོག་ལ་ཉན་ཐུབ་པའི་སྔོན་ཐོན་ཐུན་མོང་གི་རིགས་ལ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་བརྙན་འཕྲིན་བརྒྱུད་གཏོང་ས་ཚིགས་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་རྒྱང་སྒྲོག་བརྙན་འཕྲིན་ས་ཚིགས་ཡོད། གཞི་རིམ་དཔེ་སྐྲུན་གསར་སྤེལ་སྔོན་ཐོན་ལས་ཁུངས་ཀྱི་རིགས་ལ་ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་ཁྲིན་ཀོན་གྲོང་རྡལ་ཧི་ལ་ཐེ་སྡེ་བའི་ཞིང་ཁྱིམ་དཔེ་ཁང་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་དབྱིན་ཐེན་ཞང་ཏ་ཀུག་ནོ་སྡེ་བའི་ཞིང་ཁྱིམ་དཔེ་ཁང་ཡོད།  །

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།