ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་ཞིང་ཕྱུགས་སྡེ་ཁག་ནས་ཤེས་གསལ་ལྟར་ན། མིག་སྔའི་བར། ཟི་ལིང་གྲོང་ཁྱེར་ཡོངས་ནས་གྲོང་ཁྱེར་རིམ་པའི་ཞིང་ལས་ཐོན་ལས་ཁེ་ལས་གཙོ་གནད189ཡོད་པ་དང་། མ་རྩ་སྒོར་དུང་ཕྱུར87དང་གཏམ་འཇགས་ཀྱི་མ་རྩ་སྒོར་དུང་ཕྱུར39ཡོད། ཕྱི་ཚོང་བྱེད་པའི་ཡོང་སྒོ་སྒོར་དུང་ཕྱུར62དང་ཕྱི་དངུལ་གཙང་ལོན་ཨ་སྒོར་ཁྲི18761ལ་སླེབས། ཞིང་ཕྱུགས་ཐོན་རྫས་ལས་སྣོན་བྱས་ཚད53%ལ་ཟིན་པ་སོགས་རིམ་པ་སོ་སོའི་ཁེ་ལས་གཙོ་གནད་ཀྱིས་གྲོང་ཁྱེར་ཡོངས་དང་ཉེ་འགྲམ་ས་ཁུལ་གྱི་རོང་འབྲོག་དུད་ཁྱིམ་ཁྲི22འབྱོར་ཕྱུག་གི་ལམ་དུ་བསྐྱོད་པར་མཐུན་རྐྱེན་སྐྲུན།
རྒྱུས་ལོན་པ་ལྟར་ན། གྲོང་ཁྱེར་རིམ་པའི་ཁེ་ལས་གཙོ་གནད189ཁྲོད། རྒྱལ་ཁབ་རིམ་པའི་ཞིང་ལས་ཐོན་ལས་ཁེ་ལས་གཙོ་གནད14དང་། ཞིང་ཆེན་ཡོངས་ནས་རྒྱལ་ཁབ་རིམ་པའི་ཁེ་ལས་གཙོ་གནད་གྲངས་ཀ་ལས82%ཟིན་ཡོད། ཞིང་ཆེན་རིམ་པའི་ཞིང་ལས་ཐོན་ལས་ཁེ་ལས་གཙོ་གནད34ཡོད་པ་དང་། ཞིང་ཆེན་ཡོངས་ནས་ཞིང་ཆེན་རིམ་པའི་ཁེ་ལས་གཙོ་གནད་གྲངས་ཀ་ལས35%ཟིན་པ་དང་། གྲོང་ཁྱེར་རིམ་པའི་ཁེ་ལས་གཙོ་གནད141ཡོད། །
རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
འབྲེལ་ཡོད་རྩོམ་ཡིག

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།
པར་རིས་གསར་འགྱུར།
གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ཀུན་སྤྱོད་འཛུགས་སྐྲུན་བྱ་བར་ཤུགས་བསྣན་པ།
ལིས་ཁི་ཆང་གིས་ཧ་སག་སི་ཐན་གྱི་ཙུང་ལི་མ་ཞི་མའོ་ཧྥུའུ་དང་གྲོས་མོལ་མཛད།
འབྲོམ་ཐོད་ཤང་གི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་པ།
ཆབ་མདོ་གྲོང་ཁྱེར་གྱི་སློབ་གསོའི་བྱ་གཞག་ལ་འཕོ་འགྱུར་ཆེན་པོ་བྱུང་བ།
བོད་ཁུལ་གསར་འགྱུར།
- དམའ་འབྲིང་བོད་སྐད་ཡིག་གི་ལྟ་ཀློག་དབྱེ་ཞིབ་དཔེ་དེབ«རིགས་ལམ་སྒོ་འབྱེད»པར་དུ་བསྐྲུན།
- མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་རྩོམ་རིག་བརྩམས་ཆོས་བཅོ་ལྔ་རིག་རྩལ་བརྩམས་ཆོས་ལས་གཞིར་ཚུད།
- གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ཀུན་སྤྱོད་འཛུགས་སྐྲུན་བྱ་བར་ཤུགས་བསྣན་པ།
- རྐང་ཚ་རྫོང་གིས་གཅིག་བསྡུས་ཀྱིས་དབང་བོ་སྐྱོན་ཅན་ཚབས་ཆེན་སྙོར་སྐྱོང་བྱེད་པའི་བྱ་བ་དངོས་སུ་མགོ་བརྩམས།
- མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས2016ལོའི་ལུགས་གསར་རྙིང་ལོ་སར་སྐབས་ཀྱི་མང་ཚོགས་རིག་གནས་བྱ་འགུལ་ཐད་བཀོད་སྒྲིག་བྱས།
- ལོ་ཧོས་ཉིན་ཁེ་ལས་སུ་སོང་ནས་མཁོ་འདོན་གྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་རྟོག་ཞིབ་བྱས།
- ལྷ་སའི་གྲོང་རྡལ་སྡོད་དམངས་ཀྱིས་བཀོལ་ཆོག་པའི་ཡོང་སྒོ་ལོ་རྒྱུས་སྟེང་ཆེས་མཐོ་བའི་ཚད་ལ་སླེབས་པ།
- ལྷ་སའི་ཕྲུ་གུ་དམར་འབྱར་གྱི་རིགས་དང་པོའི་རིམས་འགོག་སྨན་ཁབ་རྒྱག་ཚད90%ཡན་ཟིན་པ།
- སྟོང་ལ་ཉེ་བའི་བྱིའུ་སྒང་ལུགས་ཀྱི་ཐང་ག་ཆབ་མདོ་ནས་བསྐྱར་དུ་མི་རྣམས་ཀྱི་མིག་ལམ་དུ་མངོན་པ།