ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། དམའ་འབྲིང་བོད་སྐད་ཡིག་གི་ལྟ་ཀློག་དབྱེ་ཞིབ«རིགས་ལམ་སྒོ་འབྱེད»ཅེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམ་སྤེལ་བྱས། དམའ་འབྲིང་བོད་སྐད་ཡིག་གི་ལྟ་ཀློག་དབྱེ་ཞིབ«རིགས་ལམ་སྒོ་འབྱེད»ཅེས་པ་འདི་ནི་ལྗོངས་ཞིང་ལྔའི་མཉམ་སྒྲིག་བསླབ་གཞི་སྟེ་འགན་བབས་སློབ་གསོའི་བསླབ་ཚན་གྱི་ཚད་གཞིའི་ཚོད་ལྟའི་སློབ་དེབ་གཞིར་བཟུང་ནས་རྩོམ་སྒྲིག་བྱས་པ་ཞིག་ཡིན་ལ། དམའ་འབྲིང་སྐད་ཡིག་གི་སློབ་དེབ་དྲུག་པོའི་གཙོ་གནད་སློབ་ཚན་རྣམས་ཕྱོགས་གཅིག་ཏུ་དྲིལ་ནས་ལྟ་ཀློག་དང་དབྱེ་ཞིབ་ཀྱི་ཚུལ་དུ་སྒྲིག་བཟོ་བྱས་ཡོད།

དཔེ་དེབ་ལ་ཁྱོན་བསྡོམས་ས་བཅད་བརྒྱད་དུ་དབྱེ་ཡོད་ཅིང་། ས་བཅད་རེ་རེའི་ནང་དུ་སྟོང་ཆ་ཁ་སྐོང་དང་། འདེམས་སྐོང་། འགྲིག་མིན་བརྡར་ཤ་གཅོད་པ། སུམ་ཅུ་བའི་དཔེར་བརྗོད་དང་། སྙན་ངག་གི་རྒྱན། མངོན་བརྗོད། དཔེ་དང་དཔེ་ཅན་ངོས་འཛིན། དྲི་བ་དྲིས་ལན། བརྗོད་པ་བཟོ་བ། ཚིག་གྲོགས་སྦྱོར་བ། ཚིག་དོན་འགྲེལ་བཤད། བརྗོད་པ་རྒྱས་འབྲི་དང་བསྡུས་འབྲི་སོགས་ལྟ་ཀློག་དབྱེ་ཞིབ་ཀྱི་རྒྱུགས་གཞིའི་རྣམ་པ་ལྟར་བཟོས་ཡོད། དཔེ་དེབ་འདིར་ཁྱོན་བསྡོམས་ལྟ་ཀློག་དབྱེ་ཞིབ་གྱ་གཉིས་ཀྱིས་གྲུབ་ཅིང་། ལྟ་ཀློག་དབྱེ་ཞིབ་རེ་རེའི་ནང་དུ་ཚིགས་བཅད་གཅིག་དང་ཚིག་ལྷུག་གཅིག་རེ་བྱས་ཡོད།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།