ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཟླ་དང་པོ་ནས་ཟླ11བར་གྱི་ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་དབྱེ་ཞིབ་ཚོགས་འདུ་བསྡུས་པ་དང་། ཧྲིན་ཀྲང་གཞོན་པ་ཝང་ལོས་མིན་གྱིས་ཚོགས་འདུར་འགོ་འཛིན་བྱས་པ་དང་གཏམ་བཤད།

ཚོགས་འདུ་ལས་ད་ལོ་ནས་བཟུང་། ཛ་དྲག་གི་དཔལ་འབྱོར་གནས་བབ་ལ་དམིགས་ཏེ། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་སྡེ་ཁག་སོ་སོས་ཁྱོན་ཡོངས་ནས་ཞིང་ཆེན་ཏང་ཨུདང་ཞིང་ཆེན་སྲིད་གཞུང་གིས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཇུས་འགོད་བྱེད་པ། མཐུན་སྒྲིལ་མཉམ་ལས་བྱེད་པ་དང་དཀའ་ཁག་ཁྱད་དུ་བསད་པ་སོསག་ཕན་འབྲས་ཡོད་པའི་བྱེད་ཐབས་རབ་དང་རིམ་པ་སྤེལ་བར་བཟོ་ལས་དཔལ་འབྱོར་བདེ་བླག་ངང་འཁོར་རྒྱུག་བྱེད་པར་ཁག་ཐེག་བྱས་པར་བསྟན།

ཚོགས་འདུ་ལས་མིག་སྔར། དཀྱིལ་ཁོག་གི་དཔལ་འབྱོར་གནས་བབ་སྔར་བཞིན་ཛ་དྲག་ཡིན་ལ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་ངེས་པར་ཏུ་མཇུག་མཐའི་བྱ་བ་སོ་སོ་ལེགས་པོ་སྒྲུབ་དགོས་པ་དང་། ཁྱོན་ཡོངས་ནས་ད་ལོའི་བྱ་བའི་ལས་འགན་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་དགོས། ནན་ཏན་གྱིས“ལོ་ལྔའི་ཚན་བཅུ་གསུམ”སྐབས་ཀྱི་འཆར་འགོད་ལེགས་བསྒྱུར་འཐུས་ཚང་དུ་གཏོང་དགོས་པ་དང་། མངའ་ཁོངས་དཔལ་འབྱོར་འཕེལ་རྒྱས་ཁྲོད་བཟོ་ལས་གཙོ་གནད་དུ་འཇོག་དགོས་པ། སྔ་མོ་ནས་སང་ལོའི་བྱ་བ་བཀོད་སྒྲིག་བྱེད་པ་དང་། རྩ་འཛུགས་བཀོད་འདོམས་ལ་ཤུགས་བསྣན་པ་སོགས་དུས་ཚིགས་གཅིག་གི་བཟོ་ལས་དཔལ་འབྱོར་འཁོར་རྒྱུག་ལ་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་པོ་ཞིག་སྐྲུན་དགོས་ཞེས་ནན་གྱིས་བསྟན། 

ཚོགས་འདུ་ལས་སང་ལོ་ནི“ལོ་ལྔའི་ཚན་བཅུ་གསུམ”ལག་བསྟར་བྱེད་པའི་ལོ་དང་པོ་ཡིན་པས། ས་ཁུལ་དང་སྡེ་ཁག་སོ་སོས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བའི་དགོངས་དོན་ལྟར། སྔ་མོ་ནས་ཚད་གཞི་སྣ་ཚོགས་གཏན་ལ་འབེབས་དགོས་པ་དང་། ཐོན་ཚད་བརྟན་འཇགས་ངང་འཕར་སྣོན་གཏོང་བའི་བསམ་ཕྱོགས་སྔར་ལས་འཐུས་ཚང་དུ་གཏོང་བ། གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། ཐོན་ནུས་མེད་པར་གཏོང་བ་དང་། མ་རྩ་ཇེ་དམའ་རུ་གཏོང་བ། ལག་རྩལ་བསྒྱུར་བཀོད་ལ་འབད་པ། དོ་དམ་ནན་མོ་བྱེད་པ། གསར་སྐྲུན་ཡར་སྐུལ་བཅས་ཀྱི་རེ་བ་སྣ་ཚོགས་ཞིབ་འཇུག་ཞིབ་མོ་བྱེད་པ། ལས་གཞིའི་སྔོན་གྱི་བྱ་བ་ཇེ་བརྟན་དུ་གཏོང་བ། ཚོང་འགུག་དངུལ་འདྲེན་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། འཕར་སྣོན་གཏོང་ས་གསར་བ་སྐྱེད་སྲིང་བྱས་ནས། ཚན་རིག་ལྟར་བཅོས་སྒྱུར་བྱ་བ་སྣ་ཚོགས་ལ་སྐུལ་འདེད་གཏོང་བ་དང་། མུ་མཐུད་དུ་སྲིད་སྡུད་དབང་གཏོང་དང་། ཞབས་ཞུའི་ཆུ་ཚད་ཇེ་མཐོར་བཏང་ནས། བཟོ་ལས་དཔལ་འབྱོར་བརྟན་འཇགས་དང་སྐྱོན་བྲལ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་བྱ་བ་མངོན་འགྱུར་བྱེད་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།