ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན་ནས་ཚེས་དགུ་ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དང་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གཉིས་སུ་སོང་ནས། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱིས་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། དབུལ་སྐྱོར་མཁྲེགས་གཏོར་དང་སྐར་ལྔའི་རིམ་པའི་དཔལ་ཡོན་ཁྱིམ་ཚང་འཛུགས་སྐྲུན་བྱ་བ་སྤེལ་བའི་གནས་ཚུལ་ཐད་ནས་རྟོག་ཞིབ་བྱས།

ཧུའུ་ཀྲུའུ་རྫོང་དུ་ཀྲང་ཞི་མེན་འདན་མ་གྲོང་བརྡལ་འདན་མ་སྡེ་བ་དང་ཝུན་ཅཱ་སྡེ་བའི་ཁྱིམ་དུ་སོང་ནས། ཉེ་བའི་ལོ་འགའི་རིང་གི་དཔལ་ཡོན་ཁྱིམ་ཚང་སོགས་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་ཉམས་མྱོང་བྱེད་ཐབས་དང་སྐར་ལྔའི་རིམ་པའི་དཔལ་ཡོན་ཁྱིམ་ཚང་འཛུགས་སྐྲུན་བྱ་བའི་ཐད་ཀྱི་བསམ་འཆར་གྲོས་གཞི་ལ་རྒྱུས་ལོན་བྱས་པ་དང་། ཞིང་སྡེའི་དཔེ་སྟོན་ཁྱིམ་ཚང་དང་གྲོང་གསེབ་སྡོད་ཁུལ་གྱི་ཚོད་ལྟའི་བྱ་བའི་ཐད་མཛུབ་སྟོན་བྱས། ཀྲང་ཞི་མེན་གྱིས་ད་དུང་ཡུལ་དངོས་ནས་ས་དེའི་ཞིང་བའི་གཞས་མ་གཏམ་རུ་ཁག་གིས་གསོན་ཉམས་ལྡན་པའི་རྣམ་པ་སྤྱད་དེ་སྐབས་བཅོ་བརྒྱད་པའི་ཀྲུང་ཨ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་དྲིལ་སྒྲོག་བྱེད་པ་དང་། འདན་མ་གྲོང་བརྡལ་ལྟེ་བའི་སློབ་གྲྭས་གཟུགས་འདས་རིག་གནས་ཤུལ་བཞག་ཐད་ཀྱི་སློབ་ཁྲིད་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཞོན་ཧྭ་རྫོང་དུ་ཀྲང་ཞི་མེན་སོགས་ཐད་ཀར་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་དབུལ་སྐྱོར་བྱེད་གནས་ཀ་རིང་ཞང་གི་ ཡར་རྐ་སྡེ་བ་དང་བ་ལུང་སྡེ་བ་གཉིས་སུ་སོང་ནས། དཀའ་ཁག་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དབུལ་སྐྱོར་བྱ་བའི་བཀོད་སྒྲིག་དྲིལ་སྒྲོག་བྱས་པ་མ་ཟད། ས་གནས་ཀྱི་མགོ་ཁྲིད་དང་སྡེ་སྡོད་ལས་བྱེད་པ་དང་མཉམ་དུ་དབྱེ་འབྱེད་ཡང་དག་བྱེད་པ་དང་། ཁྱིམ་ཚང་དང་བསྟུན་པའི་དབུལ་སྐྱོར་སྲིད་ཇུས་ལ་ཞིབ་འཇུག་བྱས། རྟོག་ཞིབ་བྱེད་སྐབས། ཀྲང་ཞི་མེན་གྱིས་གྲོང་ཁྱེར་དང་རྫོང་། ཞང་དང་གྲོང་བརྡལ་གྱི་འགན་ཁུར་བློ་མཐུན་དང་བཞུགས་མོལ་བརྗེ་རེས་བྱས།

 ཁོས་བསྟན་དོན། འཁྲུལ་མེད་དབུལ་ཐར་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་གནད་འགག་རང་བཞིན་གྱི་མཁྲེགས་གཏོར་འཐབ་འཛིང་ཡིན་པ་དང་། སྐར་ལྔའི་རིམ་པའི་དཔལ་ཡོན་ཁྱིམ་ཚང་གསར་སྐྲུན་བྱེད་རྒྱུ་ནི་དབུལ་སྐྱོར་བྱེད་ན་སྔོན་ལ་བློ་སྟོབས་བསྐྱེད་པའི་བྱེད་ཐབས་གལ་ཆེན་གཙོ་བོ་ཡིན་ལ། དེ་གཉིས་ཕན་ཚུན་གཞོགས་འདེགས་བྱེད་པ་དང་། ངེས་པར་དུ་ཟུང་འབྲེལ་དམ་པོ་དང་ཕན་ཚུན་སྐུལ་བྱེད་དགོས་ཟེར། ཁོས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུས་སྐར་ལྔའི་རིམ་པའི་དཔལ་ཡོན་ཁྱིམ་ཚང་འཛུགས་སྐྲུན་བྱ་བར་ཧ་ཅང་མཐོང་ཆེན་བྱས་ནས། བཀོད་སྒྲིག་ནན་མོ་དང་ལག་བསྟར་ལ་དམ་འཛིན་བྱེད་དགོས། དྲིལ་སྒྲོག་གཏིང་ཟབ་དང་སྐུལ་སློང་རྒྱ་ཆེར་བྱས་ཏེ། ཁྱིམ་ཚང་ཡོངས་ཀྱི་ཤེས་བ་དང་ཁྱིམ་ཚང་ཡོངས་དེའི་ཁྲོད་ཞུགས་ཐུབ་པར་བྱེད་དགོས། དཔེ་མཚོན་གྱིས་སྣེ་ཁྲིད་པ་དང་། སྲིད་ཇུས་ཀྱིས་སྐུལ་སློང་བྱས་ནས། མགོ་ཚུགས་ས་མཐོན་པོ་དང་ཚད་མཐོན་པོའི་སྒོ་ནས་སྐར་ལྔའི་རིམ་པའི་དཔལ་ཡོན་ཁྱིམ་ཚང་འཛུགས་སྐྲུན་བྱ་བ་སྤེལ་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།