ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར་ནས་བཟུང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གིས་གྲུབ་ཚུལ་ལེགས་སྒྲིག་དང་བཀོད་སྒྲིག་ཡག་པོ་བྱེད་པ། ཐོན་ལས་གསོ་སྐྱོང་བྱེད་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་སྒུལ་ཤུགས་སུ་བརྩིས་ནས། ཐོན་ལས་འཕེལ་རྒྱས་ཀྱི་རྒྱུ་སྤུས་དང་ཕན་འབྲས་གཉིས་ཀ་གཙོ་བོར་འཛིན་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཐོན་ལས་སླར་གསོ་བྱས་ཏེ་འཕེལ་རྒྱས་ལ་ཤུགས་བསྣན་པ་རེད།

ད་ལོར་ཁྲི་ཀ་རྫོང་གིས་ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དང་། རྫོང་རིམ་པའི་ཚོད་སླེལ་བཟོ་སྐྲུན་འཛུགས་སྐྲུན་དང་ཞིང་ཕྱུགས་ལས་ཐོན་སྐྱེད་སྲིད་ཇུས་རོགས་སྐྱོར་ཐད་མ་དངུལ་སྒོར་ཁྲི1000བཏང་ནས། གཙོ་བོར་སྣུམ་ཕྱེ་དང་གཟན་རྩྭའི་སོན་བཟང་རྟེན་གཞི་དང་ཁྱད་ཆོས་ཐོན་ལས་རྟེན་གཞི། ཚོད་སླེལ་རྟེན་གཞི། ཕྱུགས་རྒྱུད་ལེགས་བསྒྱུར་རྟེན་གཞི་དང་ཞིང་ཕྱུགས་ལས་ཐད་ཀྱི་འཛུགས་སྐྲུན་ལས་གཞི་གཞན་པ་སྤེལ། ལོ་སྟོད་དུ། ཞིང་ལས་ཐོན་སྐྱེད་རིན་གྲངས་སྒོར་ཁྲི9217.53ལ་སླེབས་པ་དང་། དུས་མཉམ་ལས3.18%འཕར་བ་དང་། ལོ་ཏོག་སྤྱིའི་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི18.59སླེབས་ལ། མུའུ་སྟོང་ཡན་གྱི་སྔོ་ཚོད་ཐོན་སྐྱེད་རྟེན་གཞི3དང་མུའུ་བརྒྱ་ཡན་གྱི་སྔོ་ཚོད་ཐོན་སྐྱེད་རྟེན་གཞི9འཛུགས་སྐྲུན་བྱས་པ་དང་། སྔོ་ཚོད་མུའུ་ཁྲི2.06འདེབས་འཛུགས་བྱས་ལ། དེ་དུས་མཉམ་ལས33.76%ལྷག་འཕར་སྣོན་བྱུང་། ཏི་ཅན་སྐྱེ་ཁམས་ར་བ་དང་རྒྱ་སེ་མེ་ཏོག་འདེབས་འཛུགས་རྟེན་གཞི། ཁྱད་ལྡན་སིལ་ཏོག་ར་བ6བདེ་བླག་ངང་འཛུགས་སྐྲུན་བྱེད་བཞིན་ཡོད། 

དུས་མཚུངསས་སུ། སྐྱེ་ཁམས་དང་དམིགས་ནས་རྣམ་པ་བསྒྱུར་བར་སྐུལ་འདེད་བྱེད་པར་གཞིགས་ནས། ཁྲི་ཀ་རྫོང་གིས་མུ་མཐུད་དུ་རིག་གནས་གནས་སྐོར་ཐོན་ལས་ལས་སྐྲུན་ར་བའི་མ་དངུལ་མཉམ་བསྲེས་དང་ལག་རྩལ་བསྒྱུར་བཀོད་ཐད་ཤུགས་བསྣན་ནས། ར་བའི་ཁུལ་དུ་བསྡད་པའི་ཁེ་ལས14ལ་སླེབས་པ་དང་། ཐོན་སྐྱེད་བྱེད་བཞིན་པའི་ཁེ་ལས8ལ་སླེབས་ལ། ཟླ་དང་པོ་ནས་ཟླ8པའི་བར་དུ། ར་བའི་ཁེ་ལས་ཀྱི་ཐོན་སྐྱེད་རིན་གྲངས་སྒོར་དུང་ཕྱུར1.42ལ་སླེབས་པ་དང་། ཉོ་ཚོང་ཡོང་སྒོ་སྒོར་དུང་ཕྱུར1.6ལ་སླེབས་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།