ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། «མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་བཅོ་ལྔ་ལོ་ནས་ཉིས་སྟོང་སུམ་ཅུ་ལོའི་བར་གྱི་མཁར་གྲོང་མ་ལག་འཆར་འགོད་བྱ་བར»རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མོས་མཐུན་ཐོབ་པ་བརྒྱུད། གཞི་ནས་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡིས་དེར་དངོས་སུ་ཆོག་མཆན་བྱིན།

«འཆར་འགོད»དེ་ནི་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཕྱོགས་བསྡུས་མཐུན་སྦྱོར་ཁོངས་གཏོགས་ལས་མཁར་གྲོང་འཕེལ་རྒྱས་དང་ཐོན་ཁུངས་སྒྲིག་གཞིར་དམིགས་བཙུགས་ནས་འཐེན་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། རྨང་གཞིའི་སྒྲིག་ཆས་དང་སྤྱི་བའི་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་བྱ་བར་ཕན་པའི་ཁྲིམས་གཏན་འཆར་འགོད་བཟང་བོ་ཞིག་ཀྱང་ཡིན། དེ་མིན་ད་དུང་མཚོ་སྔོན་ཞིང་ཆེན་ཡོངས་ནས་མཁར་གྲོང་འཛུགས་སྐྲུན་དང་འགྲིམ་འགྲུལ། སྐྱེ་ཁམས་སྲུང་སྐྱོབ། གལ་ཆེའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱ་བ་བཅས་མངོན་འགྱུར་ཡོང་བར་ཕན་པའི་ལས་སྒོ་རླབས་ཆེན་ཞིག་ཡིན། དེས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་འཛུགས་སྐྲུན་བྱ་བར་ཁྲིམས་གཏན་རང་བཞིན་གྱི་བསམ་བློ་ཡང་དག་བསྟན་ཡོད། འཆར་འགོད་ཆོག་མཆན་ཐོབ་པར་གཞི་བཅོལ་ནས་བཤད་ན། ཉིས་སྟོང་ཉི་ཤུ་ལོའི་བར་མཚོ་སྔོན་ཞིང་ཆེན་ཡོངས་ལ་ཁྱོན་བསྡོམས་མི་གྲངས་ས་ཡ་དྲུག་དང་འབུམ་གཉིས་ལ་འཕར་སྲིད་པ་དང་། མཁར་གྲོང་སྡོད་དམངས་ཁྱོན་བསྡོམས་ས་ཡ་གསུམ་དང་འབུམ་བདུན་ལ་སླེབས་སྲིད། མཁར་གྲོང་ཅན་ལ་འཕེལ་ཚད་བརྒྱ་ཆའི་དྲུག་ཅུར་སླེབས་སྲིད། ཉིས་སྟོང་སུམ་ཅུ་ལོའི་བར་དུ་ཞིང་ཆེན་ཡོངས་ཡོངས་ལ་ཁྱོན་བསྡོམས་མི་གྲངས་ས་ཡ་དྲུག་དང་འབུམ་དྲུག་ལྷག་ལ་འཕར་ངེས་པ་དང་། མཁར་གྲོང་སྡོད་དམངས་ཀྱི་མི་གྲངས་ཁྱོན་བསྡོམས་ས་ཡ་གསུམ་དང་འབུམ་བདུན་ལ་སླེབས་ངེས་ཡིན་ལ། མཁར་གྲོང་ཅན་ལ་འཕེལ་བའི་ཆུ་ཚད་བརྒྱ་ཆའི་རེ་བརྒྱད་ལ་སླེབས་ངེས་ཡིན། འཆར་འགོད་ཀྱི་རགས་རིས་ལྟར་ན། ཉིས་སྟོང་སུམ་ཅུ་ལོའི་བར་དུ། མཚོ་སྔོན་ཞིང་ཆེན་ཡོངས་ནས་ཟི་ལིང་གྲོང་ཁྱེར་གྱིས་མཚོན་པའི་ལྟེ་གནས་གྲོང་ཁྱེར་གཅིག་དང་། མཚོ་ཤར་གྲོང་ཁྱེར་དང་ན་གོར་མོ་གྲོང་ཁྱེར། གཏེར་ལེན་ཁ་གྲོང་ཁྱེར། ཡུས་ཧྲུའུ་གྲོང་ཁྱེར་བཅས་ས་ཁོངས་ལྟེ་གནས་གྲོང་ཁྱེར་བཞི་འཛུགས་འཆར་ཡོད་ལ། མིན་ཧི་དང་ཧུའུ་ཀྲུའུ། གུང་ཧོ། ཁྲི་ཀ ནུབ་མཚོ། མིན་ཡོན། ཐུན་རིན། རྨ་ཆེན་བཅས་གྲོང་ཁྱེར་ཆུང་བ་བརྒྱད་དང་གཞི་རིམ་གྲོང་རྡལ་གཙོ་གྲས་བརྒྱད་ཅུ་བཅས་འཛུགས་རྒྱུར་འབད་རྒྱུ་རེད།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།