ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་གཞུང་དོན་དུ་རླངས་འཁོར་བཀོལ་བའི་ལམ་ལུགས་བཅོས་སྒྱུར་མགོ་ཁྲིད་ཚན་་ཆུང་གི་ཚན་གཙོ་ཧའོ་ཕིན་གྱིས་ཚེས་དགུ་ཉིན་མགོ་འཛིན་བྱས་ནས་གཞུང་གི་རླངས་འཁོར་ལམ་ལུགས་བཅོས་སྒྱུར་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཞི་བ་བསྡུས། གྲོས་ཚོགས་ནས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་གཞུང་གི་རླངས་འཁོར་བཀོལ་བའི་ལམ་ལུགས་བཅོས་སྒྱུར་ལག་བསྟར་བྱ་བ་བཀོད་སྒྲིག་བྱས། ཧའོ་ཕིན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཁག་སོ་སོས་སྲིད་ཇུས་ནན་མོ་དང་། སྒྲིག་ཁྲིམས་ནན་མོ་སྤྱད་དེ། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་བཅས་ཀྱི་རེ་བ་ཇི་མ་ཇི་བཞིན་དུ་ལག་བསྟར་དངོས་འབེབས་བྱེད་དགོས་པ་དང་། ནན་ཏན་སྒོས་གཞུང་གི་རླངས་འཁོར་ལམ་ལུགས་བཅོས་སྒྱུར་བྱ་བ་དམ་འཛིན་བྱས་ཏེ། ཞིང་ཆེན་ཡོངས་ནས་གཞུང་དོན་དུ་རླངས་འཁོར་བཀོལ་བའི་ལམ་ལུགས་བཅོས་སྒྱུར་བྱེད་པར་མིག་དཔེ་བཟང་བོ་ཞིག་སྟོན་དགོས་ཟེར།

ཀྲུང་དབྱང་གིས་ཟླ་བཅུ་གཅིག་པའི་ནང་དུ་མཚོ་སྔོན་གྱི་གཞུང་གི་རླངས་འཁོར་བཀོལ་བའི་ལམ་ལུགས་བཅོས་སྒྱུར་གྱི་སྤྱིའི་འཆར་གཞིར་ཆོག་མཆན་བཀོད། གྲོས་ཚོགས་ནས་ཞིང་ཆེན་ཡོངས་ཀྱི་གཞུང་གི་རླངས་འཁོར་བཀོལ་བའི་ལམ་ལུགས་བཅོས་སྒྱུར་གཞུང་སྒྲུབ་ཁང་གིས་གོ་རིམ་རྗེས་མའི་བྱ་བ་སྤེལ་བའི་སྐོར་གྱི་ཡར་ཞུར་ཉན་ཞིང་། གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་གཞུང་གི་རླངས་འཁོར་བཀོལ་བའི་ལམ་ལུགས་བཅོས་སྒྱུར་ལག་བསྟར་ཇུས་གཞིའི་གྲོས་ཞིབ་མ་ཡིག་དང་དེ་མིན་འགྲིམ་འགྲུལ་ཁ་གསབ་དོ་དམ་དང་། རླངས་འཁོར་བཀོད་སྒྲིག ལས་རེས་རླངས་འཁོར་བཀོལ་བའི་ལམ་ལུགས་བཅོས་སྒྱུར། གཞུང་གི་རླངས་འཁོར་བཀོལ་བར་ལྟ་སྐུལ་དོ་དམ་བྱེད་པ། ཁྲིམས་འཛིན་ལས་རེས་མི་སྣ་བཀོད་སྒྲིག གཞུང་དོན་དུ་རླངས་འཁོར་བཀོལ་བའི་ཞབས་ཞུའི་ཀུང་ཟི་སོགས་འབྲེལ་ཡོད་ཆ་ཚང་སྲིད་ཇུས་ལ་ཞིབ་འཇུག་དང་གྲོས་བསྡུར་བྱས།

ཧའོ་ཕིན་གྱིས་གཏམ་བཤད་སྐབས་མཚོ་སྔོན་གྱི་གཞུང་གི་རླངས་འཁོར་ལམ་ལུགས་བཅོས་སྒྱུར་གྱི་དུས་སྐབས་སྔོན་མའི་བྱ་བར་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། མཚོ་སྔོན་གྱི་གཞུང་གི་རླངས་འཁོར་ལམ་ལུགས་བཅོས་སྒྱུར་ཚན་ཆུང་གིས་མགོ་ཁྲིད་སྟོབས་ཤུགས་རྩ་འཛུསག་བྱས་ནས། བྱ་བ་སྣ་ཚོགས་ནན་ཏན་དང་ཕན་འབྲས་ལྡན་པའི་སྒོ་ནས་སྤེལ་བ་དང་། ཁྱོན་ཡོངས་ནས་ཀྲུང་དབྱང་གི་བཅོས་སྒྱུར་རེ་བ་ལག་བསྟར་བྱས་པ་མ་ཟད། མཚོ་སྔོན་གྱི་རང་སྟེང་གི་དོན་དངོས་བྱ་བར་འདང་བརྒྱབ་ཡོད་ལ། ཕྱོགས་བསྡུས་ཀྱི་སྒོ་ནས་ཕྱོགས་སོ་སོའི་རྒྱུ་རྐྱེན་ལ་འདང་བརྒྱབ་ཡོད་པས། བཅོས་སྒྱུར་བདེ་བླག་ངང་ལག་བསྟར་བྱེད་པར་ཕན་པ་ལྡན་ཟེར།

ཧའོ་ཕིན་གྱིས་ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་དེ་མིན་སྤྱི་ཞབས་དོ་དམ་ལས་དོན་དུ་གཏོགས་པའི་ལས་ཁུངས་ཀྱིས་བཅོས་སྒྱུར་ཁྲོད་ནས་སྔོན་ལ་ལག་བསྟར་བྱེད་པ་དང་། ཉེ་ལམ་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་གཞུང་གི་རླངས་འཁོར་ལམ་ལུགས་བཅོས་སྒྱུར་མགོ་རྩོམ་ཚོགས་ཆེན་བསྡུས་ནས། སང་ལོའི་དུས་ཚིགས་དང་པོའི་ལས་ཁུངས་སོ་སོས་མགོ་རྩོམ་པའི་འབྲེལ་ཡོད་བྱ་བ་བཟང་བོར་སྒྲུབ་སྟེ། ཟླ་བཞི་བའི་ཚེས་གཅིག་ཉིན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་གཞུང་དོན་དུ་རླངས་འཁོར་བཀོལ་བའི་ལམ་ལུགས་གསར་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།

ཧའོ་ཕིན་གྱིས་རིམ་པ་སོ་སོའི་ལས་ཁུངས་ཀྱིས་བཅོས་སྒྱུར་ཇུས་གཞི་ལག་བསྟར་ནན་མོ་བྱས་ནས། བྱ་བ་སྣ་ཚོགས་ཀྱི་སྒྲིག་ཁྲིམས་ནན་མོར་སྤེལ་བ་དང་། བཅོས་སྒྱུར་སྲིད་ཇུས་ཇི་མ་ཇི་བཞིན་དུ་དངོས་འབེབས་བཟང་བོ་བྱས་ནས། གང་འདོད་དུ་འགྱུར་ལྡོག་འབྱུང་མི་ཆོག ལྟ་སྐུལ་ཞིབ་བཤེར་བྱ་བར་ཤུགས་བསྣན་ནས། བཅོས་སྒྱུར་སྲིད་ཇུས་དང་སྒྲིག་ལམ་དང་འགལ་བའི་མི་དང་དོན་དག་ཐག་གཅོད་ནན་མོ་བྱེད་དགོས། བཅོས་སྒྱུར་དྲིལ་སྒྲོག་འགྲེལ་བཤད་བྱ་བར་ཤུགས་བསྣན་ནས། བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཅུང་བཟང་བོ་ཞིག་སྐྲུན་དགོས། རླངས་འཁོར་བཅོས་སྒྱུར་མགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་དང་བཅོས་སྒྱུར་བྱ་བར་ཞུགས་པའི་ལས་ཁུངས་སོ་སོས་གཞོགས་འདེགས་དམ་པོ་བྱས་ནས། སྟོབས་ཤུགས་མཉམ་འདོན་བྱས་ཏེ་གཞུང་གི་རླངས་འཁོར་བཅོས་སྒྱུར་བྱ་བའི་ལས་འགན་སྣ་ཚོགས་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་ནས། བཅོས་སྒྱུར་བདེ་བླག་ངང་སྤེལ་བ་དང་ཕན་འབྲས་ལེན་པར་ཁག་ཐེག་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།