ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བཅུ་གཉིས་པའི་ཟླ་མགོར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་བསྡོམས་པས་སྤྱི་ཚོགས་འགན་སྲུང་བྱང་བུ་འབུམ་གཉིས་དང་ཁྲི་ལྔ་བྱིན་ཏེ་མཁར་གྲོང་ལས་བཟོ་བ་དང་སྡོད་དམངས་ཡོངས་ཀྱིས་སྤྱི་ཚོགས་འགན་སྲུང་བྱང་བུ་བཀོལ་སྤྱོད་བྱེད་པ་མངོན་འགྱུར་བྱས།

མཚོ་བྱང་ཁུལ་གྱིས་ད་ལོའི་ཟླ་དགུ་བ་ནས་བཟུང་སྤྱི་ཚོགས་འགན་སྲུང་བྱང་བུའི་གཞི་གྲངས་འཚོལ་བསྡུ་བྱེད་པའི་བྱ་བ་བསྒྲུབས་མགོ་བརྩམས་ནས་ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན་དངོས་སུ་བྱང་བུ་བྱིན་པ་རེད། མིག་སྔར། མཚོ་བྱང་ཁུལ་གྱིས་བྱིན་པའི་སྤྱི་ཚོགས་འགན་སྲུང་བྱང་བུས་དེ་སྔོན་གྱི་སྨན་བཅོས་འགན་ལེན་བྱང་བུའི་བྱེད་ནུས་ཡོད་ཚད་ཀྱི་ཚབ་བྱས་ཡོད། མཚོ་བྱང་ཁུལ་གྱིས་འགན་སྲུང་བཟོ་སྐྲུན་ལག་བསྟར་བྱས་པ་དང་བསྟུན་ནས་སྤྱི་ཚོགས་འགན་སྲུང་བྱང་བུའི་བྱེད་ནུས་རིམ་བཞིན་འཐུས་ཚང་དུ་སོང་ནས་གྲོང་ཁྱེར་དང་རྫོང་གིས་ལེགས་བསྡུས་ཞིབ་བཤེརདང་ཐོན་ཁུངས་མཉམ་སྤྱོད། མཉམ་དུ་འཁོར་སྤྱོད་སོགས་བྱེད་ཐུབ་པ་དང་རྒྱ་ཆེའི་སྤྱི་ཚོགས་འགན་སྲུང་ལ་ཞུགས་པའི་མི་སྣས་འབྲེལ་ཡོད་ཀྱི་དངུལ་ལོར་དྲ་ཚིགས་དང་དམིགས་བཙུགས་སྨན་བཅོས་ལས་ཁུངས་སོགས་ནས་རྒན་གསོ་དང་ལས་ཤོར། སྨན་བཅོས་སོགས་སྤྱི་ཚོགས་འགན་སྲུང་གི་འདྲི་རྟོག་དང་གཏོང་སྤྲོད། སྡོམ་རྩིས་རྒྱག་པ་སོགས་ཀྱི་འགྲོ་ལུགས་བསྒྲུབ་ཐུབ་པར་བྱས་ཏེ་མི་གཞི་རྩ་ཡིན་པ་དང་ཚེ་གང་བོར་ཟིན་ཐོ་འགོད་པ་དང་དོ་དམ་བྱེད་པ། ཞབས་ཞུ་བྱེད་པ་སོགས་ཀྱི་དམིགས་འབེན་མངོན་འགྱུར་བྱས།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།