ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་བདུན་ཉིན་ནས་ཚེས་བརྒྱད་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་མགོ་མང་གྲོང་རྡལ་ཤ་རྒྱ་སྡེ་བ་དང་སུམ་མདོ་གྲོང་རྡལ་ཀླུ་ཞོལ་མ་སྡེ། ཐར་ཤུལ་ཞང་ཐར་ཤུལ་སྡེ་བ་དང་རྟ་ལུང་སྡེ་བ། རྟ་མང་སྡེ་བ་བཅས་སུ་སོང་ནས། དཀའ་ཁག་ཆེ་བའི་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་། ས་གནས་གཏན་ཁེལ་བྱས་ནས་དབུལ་སྐྱོར་གསར་སྤེལ་བྱེད་པའི་བྱ་བར་རྟོག་ཞིབ་བྱས།

རྟོག་ཞིབ་བྱེད་སྐབས་ཡན་ཅིན་ཧེ་ཡིས་ཀྲུང་དབྱང་དབུལ་སྐྱོར་གསར་སྤེལ་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། ཁྱིམ་ཚང་མི་འདྲ་བ་དང་མི་རེ་རེ་དང་བསྟུན་ནས་བྱེད་ཐབས་སྤྱོད་པ་དང་། དབྱེ་འབྱེད་ཡང་དག་དང་གནད་ཁེལ་དབུལ་སྐྱོར་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།

ཡན་ཅིན་ཧེ་ཡིས་བསྟན་དོན། དབྱེ་འབྱེད་ཡང་དག་བྱེད་རྒྱུ་ནི་གནད་ཁེལ་དབུལ་སྐྱོར་བྱེད་པའི་རྨང་གཞི་ཡིན་ལ། ཐོན་ལས་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཡོང་སྒོ་རྒྱུན་མཐུད་དེ་འཕར་སྣོན་བྱེད་པའི་རྩ་བའི་བྱེད་ཐབས་ཡིན་པས། ཁོས་རྫོང་དང་ཞང་དང་སྡེ་བའི་ལས་བྱེད་པས་བརྩེ་སེམས་ལྡན་པ་དང་འགན་འཁྲི་ཡོད་པའི་སྒོ་ནས། ངོས་འཛིན་ཡང་དག་བྱེད་པ་དང་གནས་ཚུལ་དངོས་ལ་རྒྱུས་ལོན་བྱས་ཏེ། སྲིད་ཇུས་སྦྲེལ་མཐུད་དང་ལག་བསྟར་ནན་མོ་བྱེད་དགོས། མང་ཚོགས་ཀྱི་རེ་བ་དང་བདེ་སྡུག་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱེད་པ་དང་། མང་ཚོགས་ཀྱི་འདོན་བློར་བརྩི་མཐོང་བྱས་ནས། རོགས་སྐྱོར་བྱེད་ཡུལ་དང་སུས་རོགས་སྐྱོར་བྱེད་པ། ཇི་ལྟར་རོགས་སྐྱོར་བྱེད་པའི་གནད་དོན་ཐག་གཅོད་བྱེད་དགོས། མི་སྣ་འཇོན་ཐང་ཅན་གྱི་ཕན་ནུས་འདོན་སྤེལ་བྱེད་པ་དང་། སྟོབས་ཤུགས་ཆེན་པོས་ཁྱིམ་ཚང་གི་ཕྱུགས་ར་དང་ཞིང་ར། གཟན་རྩྭའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། འོས་འཚམ་སྒོས་ཚོང་གཉེར་བྱས་ཏེ། མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་གཏོང་བར་སྣེ་ཁྲིད་བྱེད་དགོས། མང་ཚོགས་ལ་ལག་རྩལ་ཐད་ཀྱི་གསོ་སྦྱོང་སྤེལ་བ་དང་། མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེར་བསྐྱེད་དེ། མང་ཚོགས་ཀྱིས་ལས་ཞུགས་ལས་སྐྲུན་བརྒྱུད་དེ་ཕྱུག་བསྒྱུར་བྱེད་པར་སྣེ་ཁྲིད་བྱེད་དགོས། ཡུལ་གཞན་དབུལ་སྐྱོར་དང་ས་གཞན་དུ་གནས་སྤོར་བའི་བྱ་བ་བཟང་བོར་བསྒྲུབ་པ་དང་། དབུལ་ཕོངས་ཁྱིམ་ཚང་དང་དབུལ་ཕོངས་མིན་པའི་ཁྱིམ་ཚང་གི་མ་དངུལ་གྲབས་གསོག་དང་སྡོད་ཁང་འཛུགས་སྐྲུན་ཐད་ཀྱི་དངུལ་བུན། ཐོན་ལས་གདམ་བསེས་ཡང་དག་བྱེད་པ་སོགས་ཀྱི་གནད་དོན་ལ་གཅིག་གྱུར་སྒོས་བསམ་གཞིགས་བཏང་སྟེ། གནས་སྤོར་ཐུབ་པ་དང་གཏན་འཇགས་ཡིན་པ། འཕེལ་རྒྱས་སུ་གཏོང་ཐུབ་པ། ཕྱུག་བསྒྱུར་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཧྲུའུ་ཅི་དང་བོ་དང་དབུལ་སྐྱོར་སྡེ་སྡོད་ལས་བྱེད་རུ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། དབུལ་ཐར་མཁྲེགས་གཏོར་གྱི་མཉམ་ཤུགས་ཆེན་པོ་གྲུབ་པར་བྱེད་དགོས་ཟེར།

ཡན་ཅིན་ཧེ་ཡིས་ད་དུང་ཐོན་ལས་དབུལ་སྐྱོར་དང་ཁྱིམ་ཚང་གི་ཞིང་ཕྱུགས་ར། གཟན་རྩྭའི་ཐོན་ལས། གནས་སྐོར་དབུལ་སྐྱོར་སོགས་ཀྱི་བྱ་བར་ཡུལ་དངོས་ནས་རྟོག་ཞིབ་བྱས།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།