བྱིས་པ་དབང་བོ་སྐྱོན་ཅན་ལ་ཤེས་བྱ་ཡོན་ཏན་ཁྲིད་བཞིན་པའི་ཚུལ།
 
 
 
བྱིས་པ་དབང་བོ་སྐྱོན་ཅན་ལ་སྨན་བཅོས་ཞིབ་བཤེར་བྱེད་བཞིན་པ།

བྱིས་པ་དབང་བོ་སྐྱོན་ཅན་ཚོས་ཕྱོགས་བསྡུས་སྨན་བཅོས་དང་ལེན་བྱེད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཐེངས་གཉིས་པའི་རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་ཞིབ་བཤེར་བྱས་པ་ལྟར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བསྡོམས་པས་དབང་བོ་སྐྱོན་ཅན23367ཡོད་པ་དང་། ཁུལ་ཡོངས་ཀྱི་སྤྱིའི་མི་གྲངས་ལས5.2%ཟིན།

ལོ་གཅིག་གི་ནང་། མཚོ་ལྷོ་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིང་ཆེན་དང་ཁུལ་ཏང་ཨུ། སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་བཅས་ཀྱི་འགོ་ཁྲིད་དག་གིས་རྒྱབ་སྐྱོར་བྱས་འོག དབང་བོ་སྐྱོན་ཅན་འབྱོར་འབྲིང་སྤྱི་ཚོགས་དུ་འགྲོ་བར་དམིགས་འབེན་དུ་བཟུང་ཞིང་། དབང་བོ་སྐྱོན་ཅན་རོགས་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་དངོས་འབེབས་གཙོ་བྱེད་པ༎ ནན་ཏན་སྒོས་དབང་བོ་སྐྱོན་ཅན་གྱི་ལུས་གསོ་དང་སློབ་གསོ། ལས་ཞུགས་དང་དབུལ་སྐྱོར། རིག་གནས་ལུས་རྩལ། ཁེ་དབང་འགན་སྲུང་སོགས་བྱ་བ་སྒྲུབ་ནས། ལོ་ཡོངས་ཀྱི་བྱ་བའི་ལས་འགན་སོ་སོ་ལེགས་འགྲུབ་བྱུང་།

ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགོ་ཁྲིད་བྱས་འོག ལུས་གསོ་དང་སྨན་བཅོས། གསོ་སྦྱོང་དང་རོགས་འདེགས་འཕྲུལ་ཆས་འགྲེམ་གཏོང་བྱེད་པ་སོགས་གཞི་གཅིག་ཡིན་པའི་ཁུལ་དབང་བོ་སྐྱོན་ཅན་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱིས་ཧུར་ཐག་སྒོས་བྱ་བ་སྒྲུབ་བཞིན་ཡོད་ལ། སྤྱིའི་བཟོ་སྐྲུན་སྨི་གྲུ་བཞི་མ650ལྷག་ཡོད་པའི་ལྟེ་གནས་སུ་ལུས་གསོ་མལ་ཁྲི23བཀོད་སྒྲིག་བྱས་ཡོད་པ་དང་། དུས་ཡུན་ཟླ8རིང་གི་ལུས་གསོ་སྨན་བཅོས་ཁྲོད་ནད་པ་དང་ནད་པ་བདག་སྐྱོང་བྱེད་མཁན་གྱི་འགྲོ་སོང་ཡོད་ཚད་ལྟེ་གནས་འདིས་འགན་ཁུར་བ་རེད།  །  

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།