ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་ཞིང་ཆེན་ཡོངས་ཀྱི་ཏང་སྲིད་མགོ་ཁྲིད་ལས་བྱེད་པའི་ཉེན་བརྡའི་སློབ་གསོའི་གྲོས་ཚོགས་བསྡུས་ནས། ཀྲུང་གོ་གུང་ཁྲན་ཏང་གི་དྭངས་གཙང་རང་གཅུན་ཚད་གཞི་དང་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ལམ་ཆད་གཅོད་སྲོལ་ཡིག་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ནས་མཚོ་སྔོན་གྱིས་རྩད་ཆོད་པའི་རིགས་མི་འདྲ་བའི་ཁྲིམས་འགལ་ལུགས་འགལ་གྱི་གྱོད་གཞི་ལ་དབྱེ་ཞིབ་གཏིང་ཟབ་བྱས་ལ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་ཚོས་སྒྲིག་ལམ་དང་སྒྲིག་སྲོལ་བྱ་བ་ཡོངས་ཀྱི་མདུན་གྲས་སུ་འཇོག་པར་སློབ་གསོ་དང་ཉེན་བརྡ་བཏང་ནས། ཏང་གི་སྒྲིག་ལམ་སྒྲིག་སྲོལ་ཐད་ཀྱི་འདུ་ཤེས་ཇེ་མཐོར་བཏང་།

ཚོགས་ཐོག་ཏུ་ཆབ་སྲིད་སྒྲིག་ལམ་དང་རྩ་འཛུགས་སྒྲིག་ལམ། དྭངས་གཙང་སྒྲིག་ལམ། མང་ཚོགས་ཀྱི་སྒྲིག་ལམ། བྱ་བའི་སྒྲིག་ལམ། འཚོ་བའི་སྒྲིག་ལམ་བཅས་སྒྲིག་ལམ་ཆེན་པོ་དྲུག་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱེད་པའི་འགན་འཁྲི་ལམ་ལུགས་ལག་བསྟར་བྱེད་པར་དམིགས་པ་དང་། གྱོད་གཞི་དང་ཟུང་འབྲེལ་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཡོན་ལས་བྱེད་པ་ཏང་གི་སྒྲིག་ལམ་འགལ་བའི་ཐད་ཀྱི་སྣང་ཚུལ་ལ་དབྱེ་ཞིབ་བྱས་པ་མ་ཟད། ཏང་གཤིས་འདུ་ཤེས་ཉམས་རྒུད་དུ་འགྲོ་བ་དང་། ཕུགས་འདུན་ཡིད་རྟོན་དང་བསམ་བློའི་ཀུན་སྤྱོད་ཇེ་ཞན་དུ་འགྲོ་བ། སྒྲིག་ལམ་འདུ་ཤེས་ཉམས་རྒུད་དུ་འགྲོ་བ་དང་ལམ་ལུགས་གཏན་ཁེལ་དངོས་འབེབས་བྱེད་མི་ཐུབ་པ། ལྟ་སྐུལ་མི་བྱེད་པ་དང་དབང་ཆར་ཚོད་འཛིན་མི་བྱེད་པ། འགན་ཁུར་མི་ཕོད་པ་དང་འགན་འཁྲི་གཙོ་བོ་དོན་འཁྱོལ་མི་བྱེད་པ། འགན་འཁྲི་རྩད་གཅོད་ནན་མོ་མི་བྱེད་པ་དང་དབང་ཟིལ་གྲུབ་མི་ཐུབ་པ་སོགས་ཀྱི་ཕྱོགས་ནས་དབྱེ་ཞིབ་གཏིང་ཟབ་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་ཚད་གཞི་དང་སྲོལ་ཡིག་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ནས། མཐོ་ཐིག་རྒྱུན་འཁྱོངས་དང་ཚད་མཐའ་བརྟན་སྲུང་བྱེད་དགོས། འགན་འཁུར་ཕོད་པར་བྱས་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲི་གཙོ་བོ་ལག་བསྟར་བཟང་བོ་བྱེད་དགོས། སྒྲིག་ལམ་བརྩི་སྲུང་དང་འགན་འཁྲི་རྩད་གཅོད་བྱེད་པར་ལྟ་སྐུལ་ནན་མོ་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པའི་སྤྱི་ཚོགས་སྣང་ཚུལ་བསྐྲུན་དགོས། ལམ་ལུགས་འཐུས་ཚང་དུ་བཏང་སྟེ། རུལ་སུངས་བྱེད་མི་རུང་བའི་ཕན་ཡོད་སྒྲིག་སྲོལ་འཛུགས་དགོས། བསམ་བློ་སློབ་གསོ་ལ་ཤུགས་བསྣན་ནས། རུལ་སུངས་བྱེད་མི་འདོད་པའི་བསམ་བློའི་འགོག་ར་བརྟན་པོ་བསྐྲུན་དགོས་ཟེར། ཚོགས་ཐོག་ནས་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་དཔེ་མཚོན་དཔེ་ལེགས་ཅན་གྱི་ཁྲོད་ནས་དྲང་ཕྱོགས་ཀྱི་ནུས་ཚད་བསྡུ་ལེན་བྱེད་པ་དང་། དཔེ་བརྗོད་མི་ལེགས་པའི་ཁྲོད་ནས་སློབ་གསོ་དང་ལེན་བྱས་ནས། ཏང་ཁྱོན་ཡོངས་ནས་ནན་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་ལག་བསྟར་བྱེད་པ་དང་། སྒྲིག་ལམ་དེ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཆེས་མདུན་གྲས་སུ་འཇོག་པ། སྒྲིག་ལམ་བཙན་པོ་འཛུགས་པ་དང་ལག་བསྟར་ནན་མོ་བྱས་ནས། སྒྲིག་ལམ་བརྩི་སྲུང་ནན་མོ་བྱེད་པའི་སྣང་ཚུལ་བཟང་བོ་བསྐྲུན་དགོས། རིམ་པ་སོ་སོའི་ཏང་ཡོན་དང་མགོ་ཁྲིད་ལས་བྱེད་པས་མགོ་ཁྲིད་དེ་སློབ་སྦྱོང་བྱེད་པ་དང་ཏང་གི་སྒྲིག་ལམ་བརྩི་སྲུང་ནན་མོ་བྱས་ནས། ཐོག་མཐའ་བར་གསུམ་དུ་གུས་སེམས་བཅངས་བ་དང་དྭངས་གཙང་རང་གཅུན་བྱེད་པ། མིག་དཔེར་བྱེད་པ། ཚན་ཁག་གི་སྣེ་བཟང་བོ་ཁྲིད་དེ། དྭངས་གཙང་གི་ཆབ་སྲིད་སྐྱེ་ཁམས་ལེགས་པོ་བསྐྲུན་དགོས་བའི་རེ་བ་བཏོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན། ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན། ཞིང་ཆེན་ཏང་ཨུའི་སྡེ་ཁག་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་ཁག་སོ་སོའི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མི་དོན་དང་ནོར་དོན་ལས་གནས་ལ་རྩ་འཛུགས་བྱེད་པའི་འགན་ཁུར་བློ་མཐུན་གཙོ་བོ། ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱི་མགོ་ཁྲིད་ཚན་ཁག་དང་མི་དོན་དང་ནོར་དོན། ཉོ་བསྡུ། ལས་གཞི་སོགས་ལས་གནས་ཀྱི་འགན་ཁུར་མི་སྣ་གཙོ་བོ་སོགས་མི་བདུན་བརྒྱ་ལྷག་ཉེན་བརྡའི་སློབ་གསོའི་གྲོས་ཚོགས་ལ་ཞུགས།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།