ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”སྐབས་སུ། མཚོ་སྔོན་ཞིང་ཆེན་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་གིས་དབུལ་ཕོངས་སྡེ་བ་དང་། དབུལ་ཕོངས་ཁྱིམ་ཚང་བྱ་བ་གཙོ་བོར་བརྩིས་པ་དང་། བརྟན་འཇགས་ངང་ཁ་རྒྱབ་ཀྱི་གནད་དོན་ཐག་གཅོད་པ་དམིགས་འབེན་དུ་བརྩིས་པ། དབུལ་ཕོངས་ས་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་གཏོང་བ་ལས་འགན་གཙོ་བོར་བཞག་པ། དབུལ་སྐྱོར་ཁ་གཏད་བྱ་བས་རང་ཉིད་འཕེལ་རྒྱས་སུ་གཏོང་བའི་ནུས་པ་ཇེ་དྲག་ཏུ་གཏོང་བ་རྩ་བའི་ཐབས་ལམ་དུ་བརྩིས་ནས། རྫོང་ཡོངས་ཀྱི་དབུལ་ཕོངས་མི་གྲངས་ལོ་རེར་མི་གྲངས་ཁྲི་བདུན་དང་སྟོང་དྲུག་ལྷག་ཇེ་ཉུང་དུ་བཏང་ནས། ལོ་རེར་ཆ་སྙོམས་ཀྱི་དབུལ་ཕོངས་ཀྱི་ཚད་བརྒྱ་ཆའི་ཉི་ཤུ་ཡིན་པ་དང་། དབུལ་ཕོངས་མི་གྲངས་ཀྱི་མི་རེར་ཆ་སྙོམས་ཡོང་སྒོ་ལོ་རེར་བརྒྱ་ཆའི་བཅུ་བཞི་འཕར། “ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”སྐབས་སུ། དཔའ་ལོིང་རྫོང་གིས་བསྡོམས་པས་མ་དངུལ་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་གཉིས་བཏང་ནས། ཞང་དང་གྲོང་རྡལ་བཅུ་བདུན་གྱི་དབུལ་ཕོངས་སྡེ་བ་བརྒྱ་དང་གཅིག་ནས་ཐོན་ལས་ཅན་གྱི་དབུལ་སྐྱོར་བྱེད་པ་གཙོ་བྱས་ནས་སྡེ་བ་དག་ཐེར་ཡར་སྐུལ་གཏོང་བའི་ལས་གཞི་ལག་བསྟར་བྱས་ནས། ཞིང་བ་ཁྱིམ་ཚང་ཁྲི་གཉིས་དང་སྟོང་གཉིས་ལྷག་དང་མི་ཁྲི་བརྒྱད་སྟོང་དྲུག་དགུ་བརྒྱ་དང་ཞེ་བདུན་དུ་བསླེབས་པ་དང་། མ་དངུལ་སྒོར་མོ་བྱེ་བ་བརྒྱད་དང་ས་ཡ་བཞི་འབུམ་གཅིག་ཁྲི་དགུ་བཏང་ནས། ཞང་དང་གྲོང་རྡལ་ལྔའི་དབུལ་ཕོངས་སྡེ་བ་ཉེར་གཅིག་གི་ཁྱིམ་ཚང་སྟོང་གཉིས་དང་བཞི་བརྒྱ་དང་ཞེ་བདུན་དང་མི་ཁྲི་གཅིག་དང་སྟོང་གཉིས་ལྷག་ས་ཆ་གཞན་དུ་གནས་སྤར། མ་དངུལ་སྒོར་མོ་ས་ཡ་གསུམ་དང་ཁྲི་ལྔ་སྟོང་ལྔ་ལྷག་བཏང་ནས། དབུལ་ཕོངས་མང་ཚོགས་སྟོང་གཉིས་ལྷག་ལ་ཕྱེ་ཐུག་དང་། འདམ་རྫི། ཁ་ལོ་བ། མི་རིགས་གཙག་དྲུབ་སོགས་ལག་རྩལ་གསོ་སྦྱོང་བྱས་ནས་ལས་ཀར་ཞུགས་ཏེ་ཡོང་སྒོ་མངོན་གསལ་སྒོས་ཇེ་མང་དུ་སོང་། མ་དངུལ་སྒོར་མོ་ས་ཡ་བདུན་དང་འབུམ་བདུན་ཁྲི་བཞི་སྟོང་དགུ་བཏང་ནས། སྡེ་བ་བཅུ་གསུམ་དང་དགོན་པ་གཅིག་གི་མི་ཕྱུགས་གཉིས་ཀྱི་འཐུང་ཆུའི་ལས་གཞི་ཡོངས་འགྲུབ་བྱས་ཤིང་། ཁྱིམ་ཚང་སྟོང་གཅིག་དང་སུམ་བརྒྱ་ལྷག་གི་འཐུང་ཆུའི་གནད་དོན་ཐག་བཅད་པའི་ཞོར་དུ། སྤྱི་ཚོགས་རོགས་སྐྱོར་བྱ་བ་སྤེལ་ཏེ། ཨན་ཧྲན་གྲོང་ཁྱེར་གྱིས་བསྡོམས་པས་མ་དངུལ་སྒོར་མོ་ས་ཡ་དྲུག་དང་འབུམ་ལྔ་ཁྲི་བཞི་ལྷག་གིས་རོགས་རམ་བྱས་ནས། གཙོ་བོ་ཉི་འོད་ནུས་པའི་དྲོད་སྤྱིལ་འཛུགས་སྐྲུན་དང་། སྐྱེ་ཁམས་བྱ་གསོ་གསོ་སྤེལ། ཕྱེ་ཐུག་དཔལ་འབྱོར་སོགས་ལས་གཞི་སྤེལ་བར་རོགས་སྐྱོར་བྱས། ཀྲུང་གོ་ས་གཤིས་སློབ་ཆེན་རོགས་སྐྱོར་གསོ་སྦྱོང་ལས་བྱེད་པ་དོན་ལྔས་མ་དངུལ་སྒོར་མོ་འབུམ་དྲུག་བཏང་ནས། དཔའ་ལུང་རྫོང་སློབ་ཆུང་དང་པོ་དང་། སློབ་འབྲིང་དང་པོ། སློབ་འབྲིང་བཞི་བ་སོགས་སློབ་གྲྭ་བཅུ་གཉིས་འཛུགས་སྐྲུན་བྱེད་པར་རོགས་རམ་བྱས་ནས་ཕན་འབྲས་བཟང་བོ་བླངས།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།