ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འདི་འགར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལིན་རྫོང་གིས་རྐྱང་ཆུ་དང་། འཇུ་ལག་ཆུ་བོ། ཐོ་ལེ་ཆུ་བོ་བཅས་ཀྱི་འགོ་ཁུངས་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་། ཆུ་བེད་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཕྱོགས་ལ་ཕན་འབྲས་ལྡན་པའི་སྒོ་ནས་བཅོས་སྒྱུར་བྱས་པར་མ་ཟད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།

ཆི་ལིན་རྫོང་གིས་སྔ་རྗེས་སུ་ལས་གཞིའི་རིགས་ང་བརྒྱད་ལག་བསྟར་བྱས་ཤིང་། དེའི་ཐད་བསྡོམས་པས་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བཞི་བྱེ་བ་གཉིས་བཏང་ནས། ཆུའི་སྦུག་ལམ་བཅོས་སྐྱོང་དང་། ས་ཆུ་སྲུང་འཛིན། རི་ཁུལ་གྱི་རང་བྱུང་གནོད་འཚེ་སྔོན་འགོག འབྲོག་ཁུལ་གྱི་ཆུ་བེད། མཁར་གྲོང་སྡོད་དམངས་ཀྱི་འཐུང་ཆུའི་བཟོ་སྐྲུན་བཅས་ལས་གཞི་སྣ་ཚོགས་འཛུགས་སྐྲུན་བྱས་ཏེ། ཆི་ལིན་རྫོང་གི་མཐའ་འཁོར་ས་ཁུལ་གྱི་མི་ཁྲི་གཉིས་དང་སྟོང་བཞི་ལྷག་དང་། རོང་འབྲོག་མང་ཚོགས་ཁྲི་གཉིས་དང་སྟོང་བརྒྱད་ལྷག་གི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བཟང་པོ་བྱས།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།