ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་སྤྱི་བདེའི་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་སྐུལ་སྤེལ་གྲོས་ཚོགས་ཟི་ལིང་ནས་ཚོགས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིག་ཀྲི་ཆང་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།

ལིག་ཀྲི་ཆང་གིས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ནི་ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་བདེའི་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་ཇུས་ཆོས་བཀོད་སྒྲིག་གི་འགུལ་སྐྱོད་དངོས་ཡིན་ལ། ཞིང་ཆེན་ཡོངས་ཀྱིས་སྤྱི་བདེའི་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་བྱ་བ་དངོས་སུ་མགོ་བརྩམས་པའི་མཚོན་རྟགས་ཀྱང་ཡིན་པས། རིམ་པ་སོ་སོ་དང་སྡེ་ཁག་སོ་སོ་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་དུ་འགྲེང་ནས། མཚོ་སྔོན་ཞིང་ཆེན་གྱི་སྤྱི་བདེའི་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་བྱ་བ་ཡིས་སྤྱི་བདེ་ལས་དོབ་ཡུན་རིང་བོར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པ་དང་། བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྤྱི་བདེའ་བཅོས་བསྒྱུར་བྱ་བའི་ཐད་ནས་ཕན་འབྲས་ལེན་པར་ཁག་ཐེག་བྱེད་དགོས་ཟེར།

ལིག་ཀྲི་ཆང་གིས་ནན་གྱིས་བསྟན་དོན། གོ་རིམ་རྗེས་མའི་བཅོས་བསྒྱུར་རྒྱུད་རིམ་ཁྲོད་དུ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བྱ་བའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་བདེ་སྐྱོང་བཅོས་སྐྱོང་སྒྲིག་སྲོལ་ལ་གསར་སྐྲུན་བྱེད་པ། ཁྲིམས་འཛིན་དབང་ཆའི་བཀོལ་སྤྱོད་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། སྤྱི་བདེའི་སྲིད་འཛིན་དོ་དམ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། སྤྱི་བདེ་ལས་ཁུངས་ཀྱི་དོ་དམ་སྒྲིག་གཞི་དང་མི་དམངས་ཉེན་རྟོག་པའི་དོ་དམ་ལམ་ལུགས་ཐད་ཀྱི་བཅོས་བསྒྱུར་སྤེལ་བ་བཅས་ཁྱབ་ཁོངས་ལྔའི་བཅོས་བསྒྱུར་བྱ་བ་གཙོར་བཟུང་ནས་དམ་འཛིན་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་སྤྱི་བདེའི་བཅོས་བསྒྱུར་ཐད་ནས་མཆོངས་བསྐྱོད་རང་བཞིན་གྱི་ཕན་འབྲས་ལེན་པར་འབད་བརྩོན་བྱེད་དགོས་པར་མ་ཟད། ཟི་ལིང་དང་མཚོ་ཤར། མཚོ་སྐོར་ས་ཁུལ་དང་མཚོ་སྔོན་གྱི་ལྷོ་རྒྱུད་ས་ཁུལ་ནས་གྲོང་ཁྱེར་དང་ཁུལ། རྫོང་རིམ་པའི་སྤྱི་བདེ་ལས་ཁུངས་འགའ་བདམས་ནས་སྔོན་དུ་ཚོད་ལྟ་བྱེད་རྩིས་ཡོད་ཟེར།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།