ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 《མཚོ་སྔོན་ཞིང་ཆེན་རྒྱུ་སྤུས་ལག་རྩལ་ལྟ་སྐུལ་ཅུའུ་ཡིས་འབར་སླ་བའི་དངོས་རྫས་བསྐུར་བའི་དངོས་སྐྱེལ་ཁེ་ལས་ལ་གཙང་བཤེར་དག་ཐེར་བཅོས་སྐྱོང་བྱེད་པའི་བྱ་འགུལ་སྤེལ་བའི་ཇུས་གཞི་ལག་བསྟར》དང་མཚོ་ནུབ་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་བྱ་བའི་བཀོད་སྒྲིག་ལྟར། ཉེ་སྔོན་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་རྒྱུ་སྤུས་ལག་རྩལ་ལྟ་སྐུལ་ཅུའུ་ཡིས་ལས་བྱེད་མི་སྣ་རྩ་འཛུགས་བྱས་ནས་མང་ནེ་དང་། ཚྭ་འདམ་ཆེ་བ་བཅས་ནས་འབར་སླ་བའི་དངོས་རྫས་བསྐུར་བཅོལ་བྱེད་སྐབས་ཀྱི་དངོས་སྐྱེལ་ཁེ་ལས་གཙང་བཤེར་དག་ཐེར་ཆེད་སྤྱོད་བྱ་འགུལ་སྤེལ་ཏེ། མྱུར་སྐྱེལ་དངོས་སྐྱེལ་ཁེ་ལས་ལ་ཞིབ་བཤེར་བྱས་པ་དང་། ཁེ་ལས་རེ་རེར་སྲིད་ཇུས་དྲིལ་སྒྲོག་བྱས་ནས། ཚད་དང་མི་མཐུན་པའི་ཚད་འཇལ་འཕྲུལ་ཆས་བཅུ་གཉིས་རྩད་ཆོད་པ་མ་ཟད། ཚད་དང་མི་མཐུན་པའི་ཚད་འཇལ་འཕྲུལ་ཆས་སྐོར་ཞིག་བཀོལ་སྤྱོད་བྱེད་མི་ཆོག་པའི་ཐག་བཅད། རེབ་འདིའི་གཙང་བཤེར་དག་ཐེར་ཆེད་དོན་བྱ་འགུལ་གཏིང་ཟབ་དུ་སྤེལ་ནས། ཁེ་ལས་ཀྱི་འགན་ཁུར་གཙོ་བོ་དང་མྱུར་སྐྱེལ་དངོས་སྐྱེལ་ཚད་འཇལ་བདེ་འཇགས་ཚད་གཞིའི་དོ་དམ་བྱ་བ་ཇེ་དྲག་ཏུ་བཏང་ནས། དྲང་བཞག་ཉོ་ཚོང་དང་ཚད་འཇལ་དོ་དམ་སྒྲིག་ལམ་སྲུང་སྐྱོང་བྱེད་པར་སྐུལ་འདེད་ཀྱི་ནུས་པ་བཏོན་ཞིང་། སྔར་ལས་སྤྱི་ཚོགས་གཏན་འཇགས་དང་དོགས་ཟོན་བདེ་འཇགས་བྱ་བ་ཇེ་བརྟན་དུ་བཏང་ནས། སྤྱི་ཚོགས་བདེ་འཇགས་ཁོར་ཡུག་ཅུང་བཟང་བོ་ཞིག་སྐྲུན།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།