ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས《མཚོ་སྔོན་བོད་ཡིག་ཚགས་པར》གྱིས་རྐང་འཛིན་རྩོམ་སྒྲིག་པ་རྩ་འཛུགས་བྱས་ཏེ། དུས་ཡུན་ཐུང་ངུ་ནང《ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་གཅུན་ཚད་གཞི》དང《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཉེས་ཆད་སྲོལ་ཡིག》ལོ་ཙྰ་དང་འགྲེམ་སྤེལ་བྱས་པས། ཆབ་སྲིད་དང་དྲིལ་བསྒྲགས་ཐད་ནས་གྲུབ་འབྲས་ལེགས་པོ་ཐོབ།

ཟླ10བའི་ཚེས22ཉིན《མཚོ་སྔོན་ཉིན་རེའི་ཚགས་པར》སྟེང《ཚད་གཞི》དང《སྲོལ་ཡིག》གཉིས་བཀོད་འདུག་པ་དང་། ཉིན་དེར་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ། འགོ་གཙོ་ཀྲང་ཝུས་ཀྱིས་བོད་ཡིག་ཚགས་པར་སྟེང་བཀོད་དགོས་པར་བཀོད་སྒྲིག་བྱས། དུས་ཚོད་མང་པོ་མེད་པ་དང་ལས་འགན་ལྗིད་བའི་གནས་ཚུལ་འོག 《མཚོ་སྔོན་བོད་ཡིག་ཚགས་པར》གྱིས་རྐང་འཛིན་རྩོམ་སྒྲིག་མི་སྣ་རྩ་འཛུགས་བྱས་ཏེ། རྒྱུན་ལྡན་གྱི་ཚགས་པར་འགྲེམ་སྤེལ་ལ་གནོད་པོ་མི་བྱེད་པར་དུས་ཡུན་ཉིན་བདུན་རིང་ལ《ཚད་གཞི》དང《སྲོལ་ཡིག》གཉིས་ལོ་ཙྰ་བྱས་པ་མ་ཟད། སོ་སོ《མཚོ་སྔོན་བོད་ཡིག་ཚགས་པར》ཟླ10བའི་ཚེས30ཉིན་གྱི་པར་ངོས5ནས་ཟླ11པའི་ཚེས6ཉིན་གྱི་པར་ངོས7ནས་པར་ངོས13སྟེང་བཀོད་པ་རེད། དུས་མཚུངས་སུ《མཚོ་སྔོན་བོད་ཡིག་ཚགས་པར》སྟེང་ད་དུང《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱིས་ནན་ཏན་སྒོས〈ཚད་གཞི〉དང〈སྲོལ་ཡིག〉སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བརྡ་ཐོ》ལོ་ཙྰ་བྱས་ནས་འགྲེམ་སྤེལ་བྱས།

《ཚད་གཞི》དང《སྲོལ་ཡིག》བོད་ཡིག་གསར་འགྱུར་སྟེང་བཀོད་རྗེས། དུས་ལྟར་ཀྲུང་གོ་བོད་ཀྱི་དྲ་བའི་སྟེང་བཀོད་པ་དང་། དུས་མཚུངས་སུ་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་གཙོ་སྒྲུབ་བྱས་པའི《མཚོ་སྔོན་སྲིད་དོན》སྟེང་བཀོད་པ་སོགས་དྲིལ་བསྒྲགས་ཀྱི་ནུས་པ་ཆེན་པོ་ཐོན་འདུག

མིག་སྔར《མཚོ་སྔོན་བོད་ཡིག་ཚགས་པར》རང་ཞིང་གི་ཁུལ་དྲུག་གི་རོང་འབྲོག་ཁུལ་དང་མཚོ་ཤར། ཟི་ལིང་གི་ས་ཆ་ཁ་ཤས། བོད་ལྗོངས་དང་སི་ཁྲོན་རྔ་བ་ཁུལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་སོགས་བོད་ཁུལ་ལ་འགྲེམ་སྤེལ་བྱེད་བཞིན་ཡོད་ལ། ཏང་གི་རྩ་དོན་སྲིད་ཇུས་དུས་ལྟར་བོད་ཁུལ་གྱི་ལས་བྱེད་མང་ཚོགས་ཁྲོད་བསྐྱལ་བཞིན་ཡོད་པས། སྤྱི་ཚོགས་བདེ་འཇགས་དང་འབྱོར་ཕྱུག་ལམ་དུ་སྐྱོད་པའི་སྒྲོན་མེ་ལྟ་བུ་ཞིག་ཏུ་གྱུར་ཡོད།  །

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།