ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཏང་ཡོངས་དང་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་བྱེད་བཞིན་པའི་སྐབས། ཉེ་བའི་ཉིན་འགའི་རིང་ཡུས་ཧྲུའུ་ཡན་ལག་དམག་ཁུལ་གྱིས་བོད་རྒྱ་སྐད་གཉིས་སྨྲ་བའི་དཔོན་དམག་རྩ་འཛུགས་བྱས་ཏེ་ཞིང་ཁྱིམ་དང་སློབ་གྲྭ། འབྲོག་ཁུལ་སོགས་ལ་སོང་ནས་བཞུགས་མོལ་ཚོགས་འདུ་བསྡུ་བ། པར་རིས་འགྲེམ་སྟོན་བྱེད་པ། དྲིལ་བསྒྲགས་བྱེད་པ། གསོ་སྦྱོང་སློབ་ཁྲིད་བྱེད་པ་སོགས་རྣམ་པ་མང་པོ་སྤྱད་དེ། ཡུས་ཧྲུའུ་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ལ་ཏང་གི་སྲིད་ཇུས་ཐེངས103སྒྲོག་འགྲེལ་བྱས་པ་དང་། མང་ཚོགས་མི་ཐེངས་ཁྲི11ཏང་གི་སྲིད་ཇུས་སྒྲོག་འགྲེལ་ལ་ཉན་པ་བཅས་ས་དེའི་རོང་འབྲོག་པ་མང་ཚོགས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ཡིད་ཆེས་སྔར་ལས་ཆེ་བ་དང་། ས་དེའི་འགོ་ཁྲིད་དང་རིགས་སོ་སོའི་མང་ཚོགས་ཀྱི་དགའ་བསུ་ཐོབ།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།