ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལོ་ལྔའི་ཚན་བཅུ་གཉིས”པའི་སྐབས་སུ། པེ་ཅིན་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་བྱེད་ཡུལ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཀྱི་རྣམ་གྲངས་འཆར་འགོད་ཐད་ཆེད་སྤྱོད་མ་དངུལ་བསྡོམས་པས་སྒོར་དུང་ཕྱུར11.22བཏང་ཞིང་རྣམ་གྲངས211འདུས། རྣམ་གྲངས་གཙོ་བོར་དམངས་འཚོའི་ལེགས་བསྒྱུར་དང་སྤྱི་སྤྱོད་ཞབས་ཞུ། རྨང་གཞིའི་སྒྲིག་ཆས་དང་མཁར་གྲོང་སྡོད་ཁང་། ཁྱད་ལྡན་ཐོན་ལས་དང་སྐྱེ་ཁམས་སྲུང་སྐྱོང་སོགས་ཡོད། དེའི་ནང་དམངས་འཚོ་ཐད་མ་དངུལ་སྒོར་དུང་ཕྱུར9.51བཏང་།

པེ་ཅིན་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་བྱེད་པར་ཡུས་ཧྲུའུ་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ལ་སྟོབས་ཤུགས་ཆེན་པོ་བཏོན་ཡོད་པ་དང་། ཁུལ་ཡོངས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཆུ་ཚད་ལ་མཐོར་འདེགས་ཆེན་པོ་བྱུང་། “ལོ་ལྔའི་ཚན་བཅུ་གཉིས”པའི་སྐབས་སུ། ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ་སོ་སོའི་གཞུང་ལམ་གཙོ་བོ་སྤྱི་ལེ16འཛུགས་སྐྲུན་བྱས་པ་དང་། གསར་དུ་འཛུགས་སྐྲུན་བྱས་པའི་ཟམ་པ19། ཆུ་ལོག་དང་ཆར་ཆུ་སོགས་ཆུ་འདྲེན་ལྕགས་མདོང་སྤྱི་ལེ200། རོང་འབྲོག་པ་དང་མཁར་གྲོང་སྡོད་དམངས་ཀྱི་སྡོད་ཁང525སོགས་འཛུགས་སྐྲུན་བྱས་པ་མ་ཟད། ནང་ཆེན་རྫོང་མི་དམངས་སྨན་ཁང་སོགས་རྫོང་རིམ་པའི་སྨན་ཁང་2དང་ཤང་དང་གྲོང་རྡལ་རིམ་པའི་འཕྲོད་བསྟེན་ཁང12གསར་སྐྲུན་བྱས་པ་དང་། ཡུས་ཧྲུའུ་དང་ཆུ་དམར་ལེབ། ནང་ཆེན། རྫ་སྟོད་སོགས་གྲོང་ཁྱེར་དང་རྫོང་གི་མི་གྲངས་ཁྲི11ལྷག་གི་འཐུང་ཆུའི་བདེ་འཇགས་གནད་དོན་དང་ཕྱུགས་ཟོག་ཁྲི3ལྷག་གི་འཐུང་ཆུའི་གནད་དོན་ཐག་བཅད་པ་རེད། གཞན་ད་དུང་རོང་འབྲོག་པའི་དངོས་བཀོལ་ལག་རྩལ་གསོ་སྦྱོང་མི་ཐེངས་ཁྲི1.6ལ་སྤེལ་བ་དང་། ཡུས་ཧྲུའུ་མཐོ་རིམ་སློབ་མ1500ལྷག་དང་ལས་རིགས་འབྲིང་རིམ་སློབ་མ245ས་གཞན་དུ་སོང་ནས་སློབ་སྦྱོང་བྱེད་པ་སོགས་མིག་སྔའི་བར། “ལོ་ལྔའི་ཚན་བཅུ་གཉིས”པའི་སྐབས་ཀྱི་རྣམ་གྲངས་བསྡོམས་པས182ལེགས་འགྲུབ་བྱུང་།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།