ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གིས་མུ་མཐུད་དུ་འགྲོ་གྲོན་སྒྲིག་གཞི་ལེགས་སྒྲིག་བྱས་པ་དང་། ནུས་ཤུགས་ཡོད་ཚད་སྤྱད་དེ་དམངས་འཚོའི་འགན་སྲུང་ཆུ་ཚད་མཐོར་འདེགས་སུ་བཏང་བ་བརྒྱུད། ད་ལོའི་ཟླ11པའི་ཟླ་མཇུག་བར། རྫོང་ཡོངས་ཀྱི་ནོར་སྲིད་ཕྱོགས་ནས་དམངས་འཚོ་ཐད་སྒོར་དུང་ཕྱུར4ལྷག་བཏང་ཞིང་ལོ་རྒྱུས་སྟེང་གི་ཟིན་ཐོ་གསར་བ་སྐྲུན།

གཙང་གསུམ་འབྱུང་ཡུལ་ནས་ཆགས་པ་དང་། རང་བྱུང་གི་ཆ་རྐྱེན་ཧ་ཅང་མི་ལེགས་པའི་འབྲི་སྟོད་རྫོང་གིས་དམངས་འཚོ་བྱ་གཞག་ནི་བྱ་བ་ཀུན་གྱི་གཙོ་གནད་དུ་བཞག་ཡོད་ལ། མ་དངུལ་སྒོར་ཁྲི7641བཏང་སྟེ་ནུས་ཤུགས་ཡོད་ཚད་ཀྱིས་བྱིས་གཉོར་ཁང་དང་སློབ་འབྲིང་། སློབ་ཆུང་ཚད་ལྡན་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱས་པ་དང་། མ་དངུལ་སྒོར་ཁྲི2065བཏང་སྟེ་སྔར་ལས་ལྷག་པར་གཞི་རིམ་གྱི་སྨན་བཅོས་སྡེ་ཁག་དང་སྤྱི་སྤྱོད་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཚད་ལྡན་ཅན་འཛུགས་སྐྲུན་ལ་ཤུགས་བསྣན་པ་བརྒྱུད། སྤྱི་སྤྱོད་འཕྲོད་བསྟེན་ཞབས་ཞུ་ཕྱོགས་ནས་ནོར་སྲིད་ཁ་གསབ་དང་ཞིང་སྡེའི་ཁ་གསབ་རིམ་བཞིན་ཇེ་མཐོར་བཏང་། མ་དངུལ་སྒོར་དུང་ཕྱུར1.5བཏང་སྟེ་རྩྭ་ཐང་དང་ནགས་ཚལ་གྱི་སྐྱེ་ཁམས་སྲུང་སྐྱོང་། ཕྱུགས་ཟོག་རྒྱུད་བཟང་ལེགས་བསྒྱུར། ཞིང་སྡེའི་མི་ཕྱུགས་འཐུང་ཆུའི་བདེ་འཇགས་དང་ས་གཞན་ལ་གནས་སྤར་བ། ཁོར་ཡུག་ལེགས་བསྒྱུར་སོགས་རྣམ་གྲངས་འཕེལ་རྒྱས་ལ་སྐུལ་འདེད་བྱས། མ་དངུལ་སྒོར་ཁྲི8403བཏང་སྟེ་མཁར་གྲོང་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་ཁ་གསབ་རོགས་སྐྱོར་ཚད་གཞི་ཇེ་མཐོར་བཏང་བ་དང་། ལྔ་སྐྱོང་ཁྱིམ་ཚང་དང་རོགས་སྐྱོར་བྱེད་ཡུལ་གྱི་འཚོ་བའི་འགན་སྲུང་ཆུ་ཚད་མཐོར་འདེགས་སུ་བཏང་བ་བཅས་རྒན་གསོ་དང་སྨན་བཅོས། ལས་ཤོར་སོགས་ལ་ཁྱབ་ཡོད་པ་དང་། མ་དངུལ་སྒོར་ཁྲི3857བཏང་སྟེ་ནུས་ཤུགས་ཡོད་ཚད་ཀྱིས་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དང་། རོང་འབྲོག་ཁུལ་གྱི་ཁང་རྙིང་ལེགས་བསྒྱུར་ལ་སྐུལ་འདེད་བྱས་ཏེ་མཁར་གྲོང་སྡོད་ཁང་གི་འགན་སྲུང་མ་ལག་འཐུས་ཚང་དུ་བཏང་།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།