ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན་ནས་ཚེས་ལྔ་ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཝང་ལིས་མེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཝུའུ་ལན་དང་གཏེར་ལེན་ཁ། ཚྭ་འདམ་ཆེ་བ། ན་གོར་མོ་བཅས་ཀྱི་བཟོ་ལས་དང་ཚོང་དོན་ཉོ་ཚོང་འཁོར་རྒྱུལ་ལས་རིགས་ཀྱི་ཁེ་ལས་ཉི་ཤུ་ལྷག་ཏུ་རྟོག་ཞིབ་བྱེད་དུ་སོང་ནས། ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་དང་ལས་གཞིའི་འཛུགས་སྐྲུན། བདེ་འཇགས་ཐོན་སྐྱེད་གནས་ཚུལ་བཅས་ལ་རྒྱུས་ལོན་གསལ་བོ་བྱས།

ཝང་ལིས་མེན་གྱིས་མཚོ་ནུབ་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུའི་སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པའི་འདུ་ཤེས་བརྟན་པོ་བཅངས་ནས། ཚན་རྩལ་གསར་སྐྲུན་ལ་ཤུགས་སྣོན་པ་དང་། སྟོབས་ཤུགས་ཆེན་པོས་གྲུབ་ཚུལ་ལེགས་སྒྲིག་བྱེད་པ། ཚོང་འགུག་དངུལ་འདྲེན་ཐད་ཤུགས་སྣོན་པ། ལས་གཞི་འཛུགས་སྐྲུན་བྱེད་པ་བཅས་བྱས་པས། མཚོ་ནུབ་ཁུལ་ཡོངས་ཀྱི་བཟོ་ལས་དང་ཚོང་དོན་ཉོ་ཚོང་ལས་རིགས་སྤྱི་ཁོག་ནས་བརྟན་བརླིང་ངང་འཕེལ་རྒྱས་སུ་སོང་སྟེ། ཞིང་ཆེན་ཡོངས་ཀྱི་གཏན་འཇགས་འཕར་སྣོན་ཐད་བྱས་རྗེས་མི་དམན་པ་བཞག་ཡོད་པར་ཁས་ལེན་གང་ལེགས་བྱས།

ཝང་ལིས་མེན་གྱིས་བསྟན་དོན། མིག་སྔའི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བའི་ཐད་ཀྱི་གནོན་ཤུགས་རྒྱུན་མཐུད་དེ་ཇེ་ཆེར་འགྲོ་བཞིན་ཡོད་པས། ཧ་ཅང་མཐོང་ཆེན་བྱེད་པ་དང་ཞིབ་འཇུག་ནན་མོ་བྱས་ནས། མུ་མཐུད་དུ་ནུས་པ་འཛུགས་སྐྲུན་ཐད་ཤུགས་སྣོན་པ་དང་། འཕེལ་རྒྱས་ཐད་ཀྱི་དཀའ་གནད་ཐག་གཅོད་བྱེད་དགོས། མིག་སྔར། དཔལ་འབྱོར་འཁོར་སྐྱོད་ཐད་ཀྱི་ཕྱོགས་བསྡུས་མཐུན་སྦྱོར་ལ་སྔར་ལས་ཤུགས་བསྣན་ནས། དཔལ་འབྱོར་གཏན་འཇགས་ངང་འཕེལ་རྒྱས་སུ་གཏོང་བར་ཁག་ཐེག་བྱེད་དགོས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞིར་བཟུང་ནས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་སྒྲིག་བཟོ་བྱ་བ་བཟང་བོར་བསྒྲུབ་དགོས། ཚན་རིག་དང་མཐུན་པ་དང་འོས་འཚམ་སྒོས་བཀོད་གཏོང་བྱེད་པ་དང་། ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ནུས་པ་མཐོར་འདེགས་བྱེད་པ། བདེ་འཇགས་ཐོན་སྐྱེད་རྒྱུན་མཐུད་དེ་གཏན་འཇགས་ཡིན་པར་རྒྱུན་འཁྱོངས་བྱས་ཏེ། སང་ལོར་མགོ་བཟང་བོ་ཞིག་རྩོམ་པར་རྨང་གཞི་བརྟན་པོ་འདིངས་དགོས་ཟེར།

ཝང་ལིས་མེན་གྱིས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་རྒྱུད་གཅིག་ལམ་གཅིག་གི་འཐུབ་ཇུས་བཀོད་སྒྲིག་དང་དམ་དུ་དམིགས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཏོན་པའི་འཕེལ་རྒྱས་སྤྱི་ཁོག་གི་རེ་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། གནས་ཚུལ་དངོས་དང་ཟུང་འབྲེལ་བྱེད་པ། སྐྱེ་ཁམས་འགོག་རར་སྲུང་སྐྱོབ་བྱེད་པ་དང་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་གཙོ་ཐིག་འབུར་དུ་ཐོན་པར་བྱས་ནས། ཁེ་ལས་ཀྱི་བཅོས་བསྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་། གསར་སྐྲུན་གྱིས་སྐུལ་འདེད་བྱེད་པ་འབུར་དུ་ཐོན་པར་བྱས་ནས། ཚོང་རྟགས་མིང་གྲགས་ཅན་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་། ལས་གཞིའི་དངུལ་གཏོང་ཐད་དམ་འཛིན་བྱེད་པ། མྱུར་དུ་བཟོ་ལས་དང་ཚོང་དོན་ཉོ་ཚོང་འཁོར་རྒྱུག་ལས་རིགས་ལ་ཚུལ་བསྒྱུར་རིམ་སྤོར་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུ་སྤུས་དང་ཕན་འབྲས་ཇེ་མཐོར་གཏོང་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།