ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་རྡོ་རྗེ་རབ་བརྟན་སྔ་གཞུག་ཏུ་མཚོ་ཤར་བཟོ་ལས་གླིང་དང་ལི་ཏུའུ་ས་ཁུལ་ཏུ་སོང་ནས། ཏང་ཨུའི་རང་བདག་འགན་འཁྲི་ལག་བསྟར་དངོས་འབེབས་བྱེད་པའི་གནས་ཚུལ་དང་ཏང་གིས་ཏང་ལ་བཅོས་སྐྱོང་དོ་དམ་ནན་མོ་བྱེད་པའི་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། སྒྲིག་ཁྲིམས་དང་ཆོས་ཉིད་ཚུལ་བཞིན་བརྩི་སྲུང་ནན་མོ་བྱེད་རྒྱུ་ལས་དོན་ཡོད་ཚད་ཀྱི་སྔོན་འགྲོའི་ཆ་རྐྱེན་ལྟ་བུར་བརྩིས་ཏེ། ལྟ་སྐུལ་དོ་དམ་བཟང་བོ་བྱས་ནས། སྒྲིག་ཁྲིམས་གསར་འཛུགས་ལས་སྒོར་ཤུགས་སྣོན་དང་སྒྲིག་ཁྲིམས་ཚུལ་བཞིན་འཛིན་པའི་བྱེད་ནུས་སྟོབས་ལྡན་དུ་བསྒྱུར་དགོས། གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། གཞི་རིམ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱ་བ་དོན་དམ་ངང་བསྒྲུབ་དགོས། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་ཚུལ་མིན་བྱ་སྤྱོད་དང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཅི་ཡོད་འཕྲལ་སེལ་བྱེད་དགོས་ཟེར།

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། འབྲེལ་ཡོད་ལས་ཁུངས་དང་ས་གནས་ཁག་གིས་ཏང་ཨུའི་རང་བདག་འགན་འཁྲི་དངོས་འབེབས་བཟང་བོ་བྱེད་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་དེ་འབྲེལ་གྱི་ཚད་གཞི། སྲོལ་ཡིག་བཅས་ལ་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ་བྱེད་དགོས་པར་མ་ཟད། ལྟ་སྐུལ་དོ་དམ་ལྟར་སྒྲིག་ཁྲིམས་བྱ་བ་དམ་འཛིན་བྱེད་པའི་དགོངས་དོན་དངོས་དང་སྣ་མང་ནང་དོན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཏང་གིས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བ་མཐའ་འཁྱོལ་བའི་ངང་སྤེལ་དགོས། སྒྲིག་ཁྲིམས་བྱ་བ་ནི་དུས་རྟག་པར་ཁྲིམས་ལུགས་ཀྱི་སྔོན་འགྲོ་ཡིན་པ་དང་། སྒྲིག་ཁྲིམས་དམ་འཛིན་ནི་ཁྲིམས་ཀྱི་ཆེད་དུ་ཡིན་པ། སྒྲིག་ཁྲིམས་དང་འབྲེལ་བའི་ལས་སྒོ་ཆེ་འབྲིང་ཆུང་གསུམ་གཟན་ནན་དང་ལྟ་སྐུལ་དོ་དམ་སྔོན་དུ་སོང་བའི་སྒོ་ནས་སྤེལ་བ། ཏང་གིས་ཏང་ལ་དོ་དམ་དང་ཏང་གིས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲིའི་ནུས་པ་རྒྱུན་ལྡན་འཚོ་བའི་ཁྲོད་མངོན་པར་འབད་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།