ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་ཆེད་དོན་སློབ་གསོའི་བརྙན་རིས་གྲོས་ཚོགས་བསྡུསཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་ཧུའུ་ཁྲང་ཧྲིན་གྱིས་ཚོགས་ཐོག་ནས་གཏམ་བཤད། ཁོས་ཕན་འབྲས་ལྡན་ལ་ནུས་པ་ཡོད་པའི་ཐབས་ཤེས་སྣ་མང་སྤྱད་དེ་ཆེད་དོན་སློབ་གསོའི་བྱ་འགུལ་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ལེན་དགོས་པ་ནན་གྱིས་བསྟན།

ཧུའུ་ཁྲང་ཧྲིན་གྱིས་བསྟན་དོན། ཆེད་དོན་སློབ་གསོའི་བྱ་འགུལ་སྤེལ་བ་ནས་བཟུང་། ས་གནས་དང་སྡེ་ཁག་ཚང་མས་ཀྲུང་དབྱང་གི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བླང་བྱར་གོ་བ་ཡང་དག་བླངས་ནས། མཐོང་ཆེན་བླ་མེད་དང་སེམས་ཞིབ་མོས་རྩ་འཛུགས། མགོ་ཁྲིད་ཀྱིས་སྣེ་ཁྲིད་ཀྱི་ནུས་པ་བཏོན་པ་པ་བཅས་བརྒྱུད་ནས། ཞིང་ཆེན་ཡོངས་ཀྱི་གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་ཆེད་དོན་སློབ་གསོའི་བྱ་འགུལ་ལ་གྲུབ་འབྲས་ཅུང་མངོན་གསལ་བླངས་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་བཏོན་པའི་བླང་བྱ་ལྟར། གཟབ་ནན་དང་དོན་དམ་གྱི་མཐོ་ཚད་ནས་ཆེད་དོན་སློབ་གསོའི་དམངས་གཙོའི་འཚོ་བའི་གྲོས་ཚོགས་བསྡུ་བར་རྩ་འཛུགས་འཐུས་སྒོ་ཚང་བ་བྱེད་པ་དང་། བསམ་བློའི་ངོས་ཟིན་སྔར་ལས་ཇེ་མཐོར་གཏོང་བ། གནད་དོན་འབུར་ཐོན་ཅན་ལ་བསྐྱར་དུ་ཞིབ་བཤེར་ལེགས་པོ་བྱེད་པ། ཏང་གཤིས་དབྱེ་ཞིབ་གཏིང་ཐག་ཆོད་པ་བྱེད་པ་བཅས་ལ་འབད་འབུངས་ཧུར་བསྐྱེད་བྱས་ཏེ། ཆེད་དོན་སློབ་གསོའི་བྱ་འགུལ་གྱི་ཞིབ་ཕྲའི་ལས་རིམ་ཁག་གོ་རིམ་མ་འཆོལ་ལ་རྣམ་པ་དོན་གནས་ཀྱི་ངང་སྤེལ་དགོས། དེ་མིན་ད་དུང་དབུལ་ཐར་མཁྲེགས་གཏོར་བྱ་བ་དོན་གནས་ངང་སྤེལ་དགོས་ཟེར།

ཧུའུ་ཁྲང་ཧྲིན་གྱིས་བླང་བྱ་བཏོན་ནས་བཤད་རྒྱུར། རིམ་པ་སོ་སོའི་ཏང་ཨུ་ཡིས་ངེས་པར་དུ་རང་འགན་ཕྲག་སྟེང་དུ་ལེན་ཕོད་པའི་འདུ་ཤེས་བརྟན་པོའི་ངོས་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ཅི་ཡོད་ལྷག་ལུས་མེད་པའི་སྒོ་ནས་དངོས་འབེབས་དོན་འཁྱོལ་ཡོང་བར་བྱས་ཏེ། ཆེད་དོན་སློབ་གསོའི་བྱ་འགུལ་གྱི་ཕན་འབྲས་རང་བཞིན་ཇེ་དྲག་ཏུ་གཏོང་བར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།